ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སྤྱི་ལོ་༢༠༡༩ལོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་བྲིན་འཚོང་གྲངས་ཚད་མུ་མཐུད་ནས་འཛམ་གླིང་ཧྲིལ་པོའི་ཨང་དང་པོར་སླེབས་པ།

2020-01-14 15:00:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ནས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། སྤྱི་ལོ་༢༠༡༩ལོར། རང་རྒྱལ་གྱི་རླངས་འཁོར་བྲིན་འཚོང་ ཐོན་སྐྱེད་དང་བྲིན་འཚོང་ཁ་གྲངས་དེ་ཁག་སོ་སོར་རླངས་འཁོར་བྱེ་བ་གཉིས་དང་ས་ཡ་ལྔ་དང་བདུན་འབུམ་ཉིས་ཁྲི་ཆིག་སྟོང་དང་རླངས་འཁོར་བྱེ་བ་གཉིས་དང་ས་ཡ་ལྔ་དང་བདུན་འབུམ་དྲུག་ཁྲི་དགུ་སྟོང་ཟིན་ཡོད་པ་དང་། དུས་མཚུངས་ལས་ཁག་སོ་སོར་༧.༥%དང་༨.༢%ཆག་པ། ཐོན་སྐྱེད་དང་བྲིན་འཚོང་བྱེད་ཚད་མུ་མཐུད་འཛམ་གླིང་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཁྲེན་ཧྲེ་ཧྭ་ཡིས། ཕྱོགས་བསྡུས་ཐོག་ནས་བལྟས་ན། སྤྱི་ལོ་༢༠༡༩ལོར། རང་རྒྱལ་གྱི་རླངས་འཁོར་ཐོན་ལས་ལ་འཕྲད་པའི་གནོན་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་ཅིང་། བྲིན་འཚོང་བྱེད་ཚད་དང་ལས་རིགས་ཀྱི་དཔལ་འབྱོར་ཕན་འབྲས་གཙོ་བོའི་སྟོན་གྲངས་ཆག་འགྲོ་བའི་རྣམ་པ་མངོན་ཡོད། ཟླ་ཚིགས་ཀྱི་བྲིན་འཚོང་གནས་ཚུལ་གྱི་འགྱུར་ལྡོག་འགྲོ་ཚུལ་ལ་བལྟས་ན། རང་རྒྱལ་གྱི་རླངས་འཁོར་བྲིན་འཚོང་བྱེད་པའི་རྣམ་པ་དེ་རིམ་བཞིན་ལེགས་སུ་འགྲོ་བཞིན་ཡོད་ཅེས་གསུངས་ཡོད།

ཁྲེན་ཧྲེ་ཧྭ་ཡིས། སྤྱི་ལོ་༢༠༡༩ལོར། ཐོན་སྐྱེད་ཁེ་ལས་ཀྱིས་རང་འགུལ་ངང་ལེགས་སྒྲིག་བྱས་པ་དང་། ཁ་གཏད་ཧུར་ཐག་བཅག་པ་བརྒྱུད། ལོ་སྨད་དུ་རང་ངོས་བསྐྱར་གསོའི་ནུས་པ་གང་ལེགས་མངོན་ཡོད་ཅིང་། ལས་རིགས་སྤྱིའི་ཆ་ནས་ལུགས་མཐུན་གྱི་བར་ཁམས་སུ་རྒྱུན་འཁྱོངསཐུབ་ཡོད། སྤྱི་ལོ་༢༠༢༠ལོར། ཀྲུང་གོའི་རླངས་འཁོར་ཐོན་ལས་སྔར་བཞིན་བསྐྱར་གསོ་གང་ལེགས་ཡོང་བ་དང་། ལེགས་སྒྲིག་རྒྱུན་མཐུད་བྱེད་པ། སྤྱིའི་ཆ་ནས་བརྟན་པོ་ཡོད་པ་བཅས་ཀྱི་འཕེལ་རྒྱས་རྣམ་པ་མངོན་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

འཛམ་གླིང་སྐར་ཁུངས།

གནམ་གྲུ་བརྡབས་པའི་དོན་རྐྱེན་ནང་རྐྱེན་ལམ་ཤོར་མཁན་ལ་མྱ་ངན་ཞུས་པ།

ཟླ་1ཚེས་11ཉིན། དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ། མང་ཚོགས་ཀྱིས་ཝུའུ་ཁོ་ལན་གྱི་འགྲིལ་སྐྱེལ་གནམ་གྲུ་ས་ལ་ལྷུངས་པའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བཞིན་པ། ཝུའུ་ཁོ་ལན་རྒྱལ་སྤྱིའི་གནམ་གྲུ་ཀུང་སིའི་པའོ་དབྱིན་གནམ་གྲུ737-800ཚེས་8ཉིན་གྱི་སྔ་དྲོར་ཐེ་ཧེ་རན་ཧོ་མོན་ཉིང་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཝུའུ་ཁོ་ལན་གྱི་རྒྱལ་ས་ཅི་ཕུའུ་རུ་འཕུར་བ་རེད། ཡིན་ནའང་།

中央广播电视总台 央广网 版权所有

སྤྱི་ལོ་༢༠༡༩ལོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་བྲིན་འཚོང་གྲངས་ཚད་མུ་མཐུད་ནས་འཛམ་གླིང་ཧྲིལ་པོའི་ཨང་དང་པོར་སླེབས་པ།

སྤྱི་ཚེས་༡༣ཉིན་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ནས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། སྤྱི་ལོ་༢༠༡༩ལོར། རང་རྒྱལ་གྱི་རླངས་འཁོར་བྲིན་འཚོང་ ཐོན་སྐྱེད་དང་བྲིན་འཚོང་ཁ་གྲངས་དེ་ཁག་སོ་སོར་རླངས་འཁོར་བྱེ་བ་གཉིས་དང་ས་ཡ་ལྔ་དང་བདུན་འབུམ་ཉིས་ཁྲི་ཆིག་སྟོང་དང་རླངས་འཁོར་བྱེ་བ་གཉིས་དང་ས་ཡ་ལྔ་དང་བདུན་འབུམ་དྲུག་ཁྲི་དགུ་སྟོང་ཟིན་ཡོད་པ་དང་། དུས་