ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ཀྱི་ཤང་དང་གྲོང་རྡལ་དབུལ་པོ་685ལ་རང་འགུལ་གནམ་གཤིས་ ས་ཚིགས་ཁྱབ་པ།

2020-01-14 10:03:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གནད་སྨིན་དབུལ་སྐྱོར་གྱི་རང་འགུལ་གནམ་གཤིས་ས་ཚིགས་490བཙུགས་པ་དང་སྦྲགས། སྤྱོད་པ་ལས་བོད་ཀྱི་ཤང་དང་གྲོང་རྡལ་དབུལ་པོ་685ལ་རང་འགུལ་གནམ་གཤིས་ས་ཚིགས་ཁྱབ་པའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད། བྱེད་ཐབས་དེས་བོད་དུ་ས་ངོས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་མེད་པའི་ད་ཡོད་རྣམ་པར་འགྱུར་ལྡོག་བྱུང་ནས། ཤང་དང་གྲོང་རྡལ་དབུལ་པོའི་གནམ་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་ཁུག་ཀྱོག་ཕྱོགས་ཡོངས་ནས་མེད་པ་བཟོས་པ་རེད།

ཚེས་9ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར་བོད་ཀྱི་ཤང་དང་གྲོང་རྡལ་ལ་རང་འགུལ་གནམ་གཤིས་ས་ཚིགས་ཁྱབ་ཚད་2018ལོའི་28.47%ནས་2019ལོའི་ལོ་མཇུག་གི་100%བར་མང་དུ་ཕྱིན་པ་དང་། ས་ངོས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་དྲ་བ་ཁྱབ་ཚད་2004ལོའི་ཆ་སྙོམས་སྤྱི་ལེ་རེར་0.3ནས་6.2བར་མང་དུ་ཕྱིན་པ། ས་ངོས་གནམ་གཤིས་ས་ཚིགས་སྣ་ཚོགས་ཀྱི་བསྡོམས་འབོར་756ཟིན་པ་བཅས་ལས་རྫོང་ཚང་མར་གནམ་གཤིས་ལས་ཁུངས་དང་ཤང་ཚང་མར་གནམ་གཤིས་ས་ཚིགས་ཡོད་པ་མངོན་འགྱུར་བྱུང་ཡོད།

“གནམ་གཤིས་ས་ཚིགས་བསྐྲུན་པ་དེས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་སྣོད་བཅུད་ཤེས་དཔལ་སྲོལ་གཏོད་སོགས་ལ་གནམ་གཤིས་ཀྱི་འགན་ལེན་བྱས་ཡོད། ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་དྲ་བ་སྤྱོད་འགོ་ཚུགས་པ་དང་བསྟུན་ནས་ས་ངོས་ཀྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་གྲངས་གཞིས་མཚོ་བོད་ས་མཐོའི་དམིགས་བསལ་གྱི་གནམ་གཤིས་ཁྱད་ཆོས་ལ་ཞིབ་འཇུག་དང་། ས་དབྱིབས་ཀྱི་གནམ་གཤིས་ལ་ཤུགས་རྐྱེན་ཕོག་པར་ཞིབ་འཇུག དྲ་མིག་ཅན་གྱི་སྔོན་བརྡ་ཞིབ་ཚགས་སུ་གཏོང་བ་སོགས་ཀྱི་ལས་དོན་ལ་ཐད་ཀར་ཕན་པ་དེ་བས་མང་བ་ཐོབ་ཡོད”ཅེས་བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་ལྷག་སྒྲོན་གྱིས་བཤད།

中央广播电视总台 央广网 版权所有

བོད་ཀྱི་ཤང་དང་གྲོང་རྡལ་དབུལ་པོ་685ལ་རང་འགུལ་གནམ་གཤིས་ ས་ཚིགས་ཁྱབ་པ།

གནད་སྨིན་དབུལ་སྐྱོར་གྱི་རང་འགུལ་གནམ་གཤིས་ས་ཚིགས་490བཙུགས་པ་དང་སྦྲགས། སྤྱོད་པ་ལས་བོད་ཀྱི་ཤང་དང་གྲོང་རྡལ་དབུལ་པོ་685ལ་རང་འགུལ་གནམ་གཤིས་ས་ཚིགས་ཁྱབ་པའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད། བྱེད་ཐབས་དེས་བོད་དུ་ས་ངོས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་མེད་པའི་ད་ཡོད་རྣམ་པར་འགྱུར་ལྡོག་བྱུང་ནས། ཤང་དང་གྲོང་རྡལ་དབུལ་པོའི་གནམ་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་ཁུག་ཀྱོག་ཕྱོགས་