ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ཀྱི་སྒུལ་བདེའི་སྐད་འཕྲིན་ཁྲིམས་ཁང་དྲ་ཐོག་ཏུ་འཁོར་རྒྱུག་བྱས་ནས་ཁྲིམས་འཛིན་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ།

2020-01-14 10:02:00     责编:sangjzm

ཀྲུང་གོ་གསར་འགྱུར་དྲ་བ་ལྷ་ས་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསོད་དར་གྱིས་ལས་དོན་སྙན་སྒྲོན་གནང་སྐབས། ཁྲིམས་འཛིན་སྡེ་ཚན་གྱིས“གཅིག་འཐུས་རྣམ་པ་གཉིས”(གཅིག་འཐུས་རྣམ་པའི་སྣ་མང་འདུམ་འགྲིག་ལམ་སྲོལ་དང་གཅིག་འཐུས་རྣམ་པའི་གཏུག་བཤེར་ཞབས་ཞུའི་ལྟེ་གནས)འཛུགས་སྐྱོང་བྱ་རྒྱུ་དམ་འཛིན་བྱེད་གཞིར་བརྩིས་ནས། བོད་ཀྱི་སྒུལ་བདེའི་སྐད་འཕྲིན་ཁྲིམས་ཁང་དྲ་ཐོག་ཏུ་འཁོར་རྒྱུག་བྱས་ཏེ“ཚོམས་ཆེན་དང་། དྲ་བ། ཐད་སྦྲེལ་ཁ་པར། སྐོར་སྐྱོད”བཅས་ཕྱོགས་བཞི་གཞི་གཅིག་གི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་དང“གནས་དང་ཁྱོན་ངོས”ཟུང་འབྲེལ་དང་ཡོངས་ཁྱབ་ཀྱི་ཁྲིམས་འཛིན་ཞབས་ཞུའི་དྲ་རྒྱའི་སྲུབས་ཁ་མེད་པའི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།

དུས་ཡུན་ཉིན་5ཡི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་ཚོགས་བཞིན་ཡོད་པ་དང་། ཟླ་1ཚེས་9ཉིན་བསོད་དར་གྱིས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་རེད།

བསོད་དར་གྱིས་2019ལོར་ཁྲིམས་ཁང་དེའི་གཏུག་བཤེར་ཞབས་ཞུའི་ཚོམས་ཆེན་དུ་མང་ཚོགས་མི་ཐེངས་112492ལ་སྣེ་ལེན་ཞུས་པ་དང་། དྲ་ཐོག་ཏུ་གྱོད་ཐོ་97བཀོད་པ། 12368གཏུག་བཤེར་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱིས་མི་ཐེངས་15625ལ་ཞབས་འདེགས་ཞུས་པ། ལྟེ་གནས་ཤང་དང་གྲོང་རྡལ་གྱི་མི་དམངས་ཁྲིམས་ཁང་གིས་རྩོད་གཞི་ཁག་1158འདུམ་འགྲིག་ཐག་གཅོད་བྱས་པ། འཁོར་བླུགས་ཚན་རྩལ་སྐོར་སྐྱོད་ཁྲིམས་རས་གྱོད་གཞི་3891བསྒྲུབས་པ་རེད་ཅེས་ངོ་སྤྲོད་གནང་།

གཞན་ཡང་། བོད་ཀྱིས་ད་དུང“རིག་ལྡན་ཁྲིམས་ཁང”འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། “རིག་བཤེར་དང་། རིག་སྐྱོང་། རིག་ཞབས། རིག་འདོམས”བཅས་མངོན་འགྱུར་ཐུབ་རྒྱུར་དམིགས་ནས་འདྲི་གཅོད་ལས་རིམ་དང་། ཁྲིམས་རའི་འདྲི་གཅོད་ཐད་གཏོང་། ལག་བསྟར་ཆ་འཕྲིན། ཤན་འབྱེད་ཡིག་ཆ། ཁྲིམས་ཆད་ཡང་གཏོང་དང་དངོས་མིན་བཙོན་འགྲོལ། ས་ཁོངས་བརྒལ་བའི་གྱོད་ཐོ་འགོད་པ། འདུམ་འགྲིག རྒྱང་ཁྲིད་ཁྲིམས་གཅོད་སོགས་ཀྱི་ལས་སྟེགས་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་ནས་དྲ་ཐོག་ཏུ་ཤན་འབྱེད་ཡིག་ཆ་12541དང་། འདྲི་གཅོད་ལས་རིམ་ཆ་འཕྲིན་33803 ལག་བསྟར་ཆ་འཕྲིན་15361བཅས་ཡོངས་བསྒྲགས་བྱས་པ་དང་། ཁྲིམས་རའི་འདྲི་གཅོད་ཁག་5134ཐད་གཏོང་བྱས་པར་གློག་རྡུལ་ཡིག་ཆ་གྱོད་གཞི་དང་མཉམ་དུ་གྲུབ་ཚད་98.47%ཟིན་པ་རེད།

བསོད་དར་གྱིས་དེང་དུས་ཚན་རྩལ་དེ་མང་ཚོགས་ཀྱིས་གཏུག་བཤེར་བྱ་རྒྱུར་སྟབས་བདེ་བསྐྲུན་པ་དང་ཁྲིམས་དཔོན་ལ་རམ་འདེགས་བྱས་ནས་གྱོད་གཞི་སྒྲུབ་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། འདྲི་གཅོད་ཀྱི་ཕན་ནུས་མཐོར་གཏོང་། ཁྲིམས་འཛིན་ཁ་གསལ་གཏིང་གསལ་ཡོད་ཚད་དང་སྤྱི་མོས་བྱེད་ཚད་ཆེ་རུ་གཏོང་བ་བཅས་ཀྱི་འདེགས་སྐྱོར་དང་སྒུལ་ཆས་འཕྲུལ་འཁོར་དུ་གྱུར་ཡོད་ཅེས་གསུངས་པ་རེད།

中央广播电视总台 央广网 版权所有

བོད་ཀྱི་སྒུལ་བདེའི་སྐད་འཕྲིན་ཁྲིམས་ཁང་དྲ་ཐོག་ཏུ་འཁོར་རྒྱུག་བྱས་ནས་ཁྲིམས་འཛིན་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ།

ཚེས་9ཉིན། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསོད་དར་གྱིས་ལས་དོན་སྙན་སྒྲོན་གནང་སྐབས། ཁྲིམས་འཛིན་སྡེ་ཚན་གྱིས“གཅིག་འཐུས་རྣམ་པ་གཉིས”(གཅིག་འཐུས་རྣམ་པའི་སྣ་མང་འདུམ་འགྲིག་ལམ་སྲོལ་དང་གཅིག་འཐུས་རྣམ་པའི་གཏུག་བཤེར་ཞབས་ཞུའི་ལྟེ་གནས)འཛུགས་སྐྱོང་བྱ་རྒྱུ་དམ་འཛིན་བྱེད་གཞིར་བརྩིས་ནས། བོད་ཀྱི་སྒུལ་བདེའི་སྐད་འཕྲིན་ཁྲིམས་ཁང་དྲ་ཐོག་ཏུ་འཁོར་རྒྱུག་བྱས་ཏེ