ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་དེ་སྔའི་ཏང་ཨུ་ཧྲུའུ་ཅི་གཞོན་པ། ཐིང་ཀྲང་གཞོན་པ་རེན་སན་ཏུང་ཏང་ཁོངས་ནས་ཕྱིད་ཕུད་པ།

2020-01-14 09:55:00     责编:sangjzm

མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གི་གནས་ཚུལ་ལ་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཨུ་ཡིས་ཆོག་མཆན་སྤྲད་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་དེ་སྔའི་ཏང་ཨུ་ཧྲུའུ་ཅི་གཞོན་པ། ཐིང་ཀྲང་གཞོན་པ་རེན་སན་ཏུང་གིས་སྒྲིག་འགལ་ཁྲིམས་འགལ་བྱས་པའི་གནད་དོན་ལ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱས་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད། རེན་སན་ཏུང་སྤྱོད་གཙང་སྒྲིག་ཁྲིམས་དང་འགལ་ཡོད་པ་སྟེ། མི་གཞན་གྱིས་སྤྲད་པའི་གསེར་དངུལ་བླངས་པ་དང་། དུས་ཡུན་རིང་པོར་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་དངུལ་དང་རླངས་འཁོར་གཡར་བསྐྱི་དང་བེད་སྤྱོད་བྱས་ནས། དྲང་བདེན་གྱིས་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ངན་པ་བཟོས་ཤིང་། གནས་ཚུལ་ཚབས་ཆེ་བ་ཡོད། ལས་ཀའི་སྒྲིག་ཁྲིམས་དང་འགལ་བ་སྟེ། གྱོད་གཞི་ཐག་གཅོད་བྱེད་པའི་སྐབས་སུ་བརྟག་དཔྱད་དང་འགན་འཁྲི་ཤོར་ནས། ས་གནས་དེ་གའི་ས་ཁུལ་དང་། ལས་ཁུངས་ལ་ཤུགས་རྐྱེན་ངན་པ་བཟོས་པས། འགོ་ཁྲིད་གཙོ་བོའི་འགན་ཁུར་དགོས། ལས་གནས་ཐོག་གི་སྟབས་བདེ་བེད་སྤྱད་ནས་མི་གཞན་གྱི་ཁེ་ཕན་གཉེར་བ་དང་། མི་གཞན་པའི་རྒྱུ་ནོར་འབོར་ཆེན་བླངས་པས། ལྐོག་རྔན་བླངས་པའི་ནག་ཉེས་ཡོད་པ་རེད། ཁྱིམ་ཚང་གི་རྒྱུ་ནོར་དང་འགྲོ་སོང་ཁྲིམས་མཐུན་གྱི་ཡོང་འབབ་ལས་བརྒལ་བ་དང་ཧེ་བག་ཆེ་བས། རྒྱུ་ནོར་འབོར་ཆེན་གྱི་ཡོངས་ཁུངས་མི་གསལ་བའི་ནག་ཉེས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་སྒྲིག་ཨུ་ཡི་རྒྱུན་ལས་ཨུ་ཡོན་ཚོགས་འདུའི་ཞིབ་འཇུག་དང་མཚོ་སྔོན་ཞིང་ཆེན་ཞིང་ཨུ་ཡིས་ཆོག་མཆན་སྤྲད་པ་བརྒྱུད། རེན་སན་ཏུང་ཏང་ཁོངས་ནས་ཕྱིར་འབུད་རྒྱུ་ཐག་བཅད་པ་དང་། གཏན་འབེབས་ལྟར་ལོངས་སྤྱོད་ཐོབ་ཐང་མེད་པ་བཟོ་རྒྱུ། སྒྲིག་འགལ་ཁྲིམས་འགལ་ལས་ཐོབ་པའི་རྒྱུ་ནོར་ཡར་རྩིས་སྤྲོད་པ། ནག་ཉེས་ཡོད་པའི་གནད་དོན་ཞིབ་བཤེར་ལས་ཁུངས་ལ་བསྐྱལ་ནས་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱེད་ཅིང་། འབྲེལ་བ་ཡོད་པའི་རྒྱུ་ནོར་ཚང་མ་གྱོད་གཞི་དང་མཉམ་དུ་སྤོ་སྐྱེལ་བྱ་རྒྱུ་རེད།

རེན་སན་ཏུང་གི་ལོ་རྒྱུས་མདོར་བསྡུས།

རེན་སན་ཏུང་། སྐྱེས་པ། རྒྱ་རིགས། 1952ལོའི་ཟླ་3པར་སྐྱེས། ཨན་ཧུའུ་སུའུ་རྫོང་གི་མི། མཐོ་རིམ་ཆེད་སྦྱོང་གི་རིག་གནས་ལྡན་པ། 1968ལོའི་ཟླ་10པར་ལས་ཀར་ཞུགས། 1971ལོའི་ཟླ་12པར་ཀྲུང་གོ་གུང་ཁྲན་ནང་དུ་ཞུགས།

1968.10—1971.01 ཟི་ལིང་ངར་ལྕགས་བཟོ་གྲྭའི་བཟོ་བ།

1971.01—1976.05 ལན་གྲུ་དམག་ཁུལ་གྱི་ཅུན་བཅུ་དགུ་བའི་སྲུང་དམག་ཐོན་གསུམ་པའི་འཐབ་མོ་བ།

1976.05—1980.03 ཟི་ལིང་ངར་ལྕགས་བཟོ་གྲྭའི་སྲུང་སྐྱོབ་ཁྲུའུའི་ལས་བྱེད་པ།

1980.03—1984.09 མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་ཁྲུའུ་དགུ་བའི་ལས་བྱེད་པ།

1984.09—1986.07 ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་དུ་སློབ་སྦྱོང་བྱས་པ།

1986.07—2000.04 མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཁྲུའུ་དགུ་པའི་ཁོ་ཀྲང་གཞོན་པ། ཁོ་ཀྲང་། ཁྲུའུ་ཀྲང་གཞོན་པ། ཁྲུའུ་ཀྲང་བཅས་ཀྱི་འགན་འཁུར་བ།

2000.04—2009.08 མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུ་ཡི་ཨུ་ཡོན་དང་། ཐིང་ཀྲང་གཞོན་པ།

2009.08—2013.03 མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ། ཐིང་ཀྲང་གཞོན་པ། (ཐིང་རིམ་པ།)

2013.03 ལས་འཁྱུར་ངལ་གསོ་བྱས་པ།

中央广播电视总台 央广网 版权所有

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་དེ་སྔའི་ཏང་ཨུ་ཧྲུའུ་ཅི་གཞོན་པ། ཐིང་ཀྲང་གཞོན་པ་རེན་སན་ཏུང་ཏང་ཁོངས་ནས་ཕྱིད་ཕུད་པ།

ཟླ་1ཚེས་9ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གི་གནས་ཚུལ་ལ་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཨུ་ཡིས་ཆོག་མཆན་སྤྲད་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་དེ་སྔའི་ཏང་ཨུ་ཧྲུའུ་ཅི་གཞོན་པ། ཐིང་ཀྲང་གཞོན་པ་རེན་སན་ཏུང་གིས་སྒྲིག་འགལ་ཁྲིམས་འགལ་བྱས་པའི་གནད་དོན་ལ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱས་པ་རེད།