ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱིས་10+Nསྤྱི་པའི་ལས་ཞུགས་ཞབས་ཞུའི་རྣམ་པ་གསར་པ་བཏོད་དེ་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་བཏང་བ།

2020-01-14 09:54:00     责编:sangjzm

ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་ཟི་ལིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་7ཉིན་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། 2019ལོར། མཚོ་སྔོན་ཞིང་ཆེན་གྱིས“10+N”སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོའི་རྣམ་པ་གསར་པ་རྒྱུན་མཐུད་བཏོད་དེ། ལས་ཞུགས་ལས་གནས་ཁྲི་23.1ལྷག་མཁོ་འདོན་བྱས་པས། ཞིང་ཆེན་དེའི་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2019ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་མཁན་དང་། མཐོ་སློབ་སློབ་ཐོན་སློབ་མ། དམག་ཞབས་ཐིམ་པའི་དམག་མི། དུད་ཚང་དབུལ་པོའི་ངལ་ནུས། དབང་པོ་སྐྱོན་ཅན། བུད་མེད་སོགས་རིགས་ཁག་གི་གཙོ་གནད་ལས་ཞུགས་ཚོགས་སྤྱིར་དམིགས་ནས། “ལས་ཞུགས་རོགས་སྐྱོར་ཟླ་བ”དང་། “དཔྱིད་རླུང་བྱ་སྤྱོད” “དམངས་གཉེར་ཁེ་ལས་ཀྱི་གདན་ཞུའི་གཟའ་འཁོར”སོགས་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོ་10དང་དེ་བཞིན“མཚོ་ནུབ་ཀྱི་འདྲེ་ཚེར་མ་འཐོག་པ”དང“ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་ངལ་ལས་མཉམ་ལས”སོགས་ཁྱད་ལྡན་བྱེད་སྒོ་Nལོ་འགོ་ནས་ལོ་མཇུག་བར་རྒྱུན་མཐུད་སྤེལ་བས། ལོ་རེར་བརྗོད་དོན་གཙོ་བོ་ཡོད་པ་དང་། ཟླ་རེར་བྱེད་སྒོ་ཡོད་པ། གཟའ་འཁོར་རེར་གདན་ཞུའི་འདུ་ཚོགས་ཡོད་པའི་ཕྱོགས་ཡོངས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་ཅིག་གཞི་རྩའི་ཆ་ནས་ཆགས་ཡོད་པ་རེད།

2019ལོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་སྤྱི་སྡེ་ཚན་གྱིས་ཆེད་དོན་གདན་ཞུའི་འདུ་ཚོགས་སྣ་ཚོགས་ཐེངས་390གཉེར་བའི་ཁར་ཁེ་ལས་དང་མི་སྤྱོད་ཚན་པ་10440ཡིས་ལས་ཞུགས་ལས་གནས་ཁྲི་23.1ལྷག་མཁོ་འདོན་བྱས་པས། མི་ཁྲི་5ཡིས་ལས་ཞུགས་ཀྱི་འདོད་མོས་རང་བཞིན་གྱི་གྲོས་མཐུན་བཞག་ཡོད་པ་དང་། མི་ཐེངས་ཁྲི་6.1ལ་ལས་ཞུགས་ཞབས་ཞུ་དང་སྲིད་ཇུས་བློ་འདྲི་མཁོ་འདོན་བྱས་ཡོད་པ་རེད།

中央广播电视总台 央广网 版权所有