ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

འགྲིམ་འགྲུལ་སྐྱེལ་འདྲེན་པུས། དཔྱིད་གསར་དུས་ཆེན་རིང་ཕྱིར་ཡུལ་སྐོར་དུ་བསྐྱོད་མཁན་མི་ཐེངས་དུང་ཕྱུར་བཞི་དང་བྱེ་བ་ལྔ་ཟིན་རྒྱུ་རེད་ཅེས་བསྟན་པ།

2020-01-10 16:06:00     责编:sangjzm

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དཔྱིད་གསར་དུས་ཆེན་རིང་། མི་མང་པོ་ཞིག་གིས་དགུང་གསེང་དུས་ཚོད་བེད་སྤྱད་དེ་ཕྱིར་རྩེད་མོར་རོལ་བར་བསྐྱོད་འདོད་བྱེད་ཀྱི་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྤྱི་ལོ་༢༠༢༠ལོའི་དཔྱིད་གསར་དུས་ཆེན་གྱི་འགྲུལ་པའི་འགྲོ་འོང་ལ་སྔོན་དཔག་དབྱེ་ཞིབ་བྱས་པ་ལྟར་ན། དཔྱིད་གསར་དུས་ཆེན་རིང་ཕྱིར་ཡུལ་སྐོར་དུ་སྐྱོད་མཁན་མི་ཐེངས་དུང་ཕྱུར་བཞི་དང་བྱེ་བ་ལྔ་ཟིན་རྒྱུ་ཡིན་པ་དང་། ལྷོ་ཕྱོགས་ཀྱི་རྒྱ་མཚོའི་གླིང་ཕྲན་དང་བྱང་ཕྱོགས་ཀྱི་འཁྱགས་གྲོང་ནི་སྔར་བཞིན་རྒྱལ་ནང་གི་ཡུལ་སྐོར་བས་འགྲོ་འདོད་ཆེན་པོ་བྱེད་སའི་ས་ཆ་ཡིན་པ་རེད།

སྤ་སེ་འཚོང་བའི་གྲངས་གཞིར་དབྱེ་ཞིབ་བྱས་པ་བརྒྱུད། སྔོན་དཔག་བྱས་ན་སྤྱི་ལོ་༢༠༢༠ལོའི་དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་བས་དགའ་པོ་བྱེད་པའི་རྒྱལ་ནང་གྲོང་ཁྱེར་གྱི་བང་རིམ་ལས་མདུན་གྱི་ཨང་བཅུ་པོ་ནི། སན་ཡ་དང་། ཀོང་ཀྲའུ། པེ་ཅིང་། ཤ་མོན། ལི་ཅང་། ཧའར་པིན། ཁུན་མིང་། ཁྲེང་ཏུའུ། ཧྲང་ཧའེ། ཀུའེ་ལིན་བཅས་ཡིན།

ཅིང་ཀྲང་མྱུར་བགྲོད་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དང་བསྟུན་ནས། པེ་ཅིང་དང་ཀྲང་ཅ་ཁའུ་འབྲེལ་མཐུད་ཡུལ་སྐོར་ལ་འགྲོ་རྒྱུ་དེ་ཡང་ད་ལོའི་དཔྱིད་གསར་དུས་ཆེན་གྱི་འཕེལ་ཕྱོགས་གསར་པ་ཞིག་ཏུ་འགྱུར་བཟོ་ཡོད། ད་ལོའི་དཔྱིད་གསར་དུས་ཆེན་རིང་གཟི་རྩ་སྡེ་དགུ་མཛེས་ལྗོངས་ཁུལ་བསྐྱར་དུ་སྒོ་དབྱེ་བའི་རྗེས་ཀྱི་ལོ་གསར་པ་དང་པོ་དེ་སླེབས་རྒྱུ་ཡིན་པས། སྔོན་དཔག་བྱས་ན་སྤྱི་ལོ་༢༠༢༠ལོའི་དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་བས་དགའ་པོ་བྱེད་པའི་རྒྱལ་ནང་ཡུལ་སྐོར་མཛེས་ལྗོངས་ཁུལ་གཞན་ཞིག་ལ་འགྱུར་རྒྱུ་ཡིན་པ་རེད།

གཞན་ད་དུང་དཔྱིད་གསར་དུས་ཆེན་རིང་ཕྱི་རྒྱལ་དུ་ཡུལ་སྐོར་དུ་བསྐྱོད་པའི་དགོས་མཁོ་ཡང་ཆེན་པོ་ཡོད། སྤ་སེ་འཚོ་བའི་གྲངས་གཞི་ཆེན་པོར་དབྱེ་ཞིབ་བྱས་པ་བརྒྱུད། སྔོན་དཔག་བྱས་ན་ཕྱི་རྒྱལ་དུ་ཡུལ་སྐོར་དུ་བསྐྱོད་སའི་དམིགས་འབེན་ས་ཆ་ནི་གཙོ་བོ་ལྗར་པན་དང་། ཐེ་ལན། སིང་ཁ་ཕོར། ལྷོ་ཁོ་རེ་ཡ། མ་ལེ་ཞི་ཡ་སོགས་ཡིན་ནོ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

འགྲིམ་འགྲུལ་སྐྱེལ་འདྲེན་པུས། དཔྱིད་གསར་དུས་ཆེན་རིང་ཕྱིར་ཡུལ་སྐོར་དུ་བསྐྱོད་མཁན་མི་ཐེངས་དུང་ཕྱུར་བཞི་དང་བྱེ་བ་ལྔ་ཟིན་རྒྱུ་རེད་ཅེས་བསྟན་པ།

དཔྱིད་གསར་དུས་ཆེན་རིང་། མི་མང་པོ་ཞིག་གིས་དགུང་གསེང་དུས་ཚོད་བེད་སྤྱད་དེ་ཕྱིར་རྩེད་མོར་རོལ་བར་བསྐྱོད་འདོད་བྱེད་ཀྱི་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྤྱི་ལོ་༢༠༢༠ལོའི་དཔྱིད་གསར་དུས་ཆེན་གྱི་འགྲུལ་པའི་འགྲོ་འོང་ལ་སྔོན་དཔག་དབྱེ་ཞིབ་བྱས་པ་ལྟར་ན། དཔྱིད་གསར་དུས་ཆེན་རིང་ཕྱིར་ཡུལ་སྐོར་དུ་སྐྱོད་མཁན་མི་ཐེངས་དུང་ཕྱུར་བཞི་དང་བྱེ་བ་ལྔ་ཟིན་རྒྱུ་ཡིན་པ་དང་། ལྷོ་ཕྱོགས་