ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཤིང་ཅང་གིས་སྤྱི་ལོ་༢༠༢༠ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་དུང་ཕྱུར་༣གཡས་གཡོན་ཟིན་ཐུབ་པ་བྱ་རྒྱུ་ཡིན་པ།

2020-01-10 15:55:00     责编:sangjzm

ཤིང་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་ཤིང་དར་འཐབ་ཇུས་ལག་བསྟར་བྱས་ཚུན། ཡུལ་སྐོར་ལས་རིགས་ཀྱིས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་གཏོང་དང་། ལས་ཞུགས་འཕར་སྣོན། དབུལ་སྐྱོར་གསར་སྤེལ་བཅས་ཀྱི་ཁྲོད་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་ད་ལོའི་སྲིད་གཞུང་ལས་དོན་སྙན་ཞུའི་ནང། ཡུལ་སྐོར་ཤིང་དར་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ༢༠༢༠ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་དུང་ཕྱུར་༣གཡས་གཡོན་ཟིན་ཐུབ་པ་བྱ་རྒྱུ་གསལ་བཏོན་བྱས་ཡོད།

༢༠༢༠ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་༼ཡུལ་སྐོར་ཤིང་དར་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཡུལ་སྐོར་ལས་རིགས་དེ་ཉིད་སྐུལ་ཁྲིད་ནུས་པ་ཆེ་ཤོས་དང་མང་ཚོགས་ལ་ཕན་པ་བསྐྲུན་ཆེ་ཤོས་ཀྱི་དམངས་ཕན་ཐོན་ལས་ ཤིག་ཏུ་བསྐྲུན་རྒྱུའི་༽སྐོར་འཁོད་པ་མཐོང་དུས། ཨ་ཁེ་སུ་གྲོང་ཁྱེར་དབྱི་ཀན་ཆེ་ཤང་དབྱི་ཀན་ཆེ་གྲོང་ཚོའི་གྲོང་མི་ཨེ་ཧ་མེ་ཐི་ ཟླ་ཉིས་འཕྲལ་མར་ཁང་པ་མཛེས་བཟོ་ཀུང་སེར་ཁ་པར་རྒྱབ་སྟེ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་རྒྱ་ཆེ་རུ་གཏོང་རྩིས་བྱས་ཡོད་པ་རེད། ཨེ་ཧ་མེ་ཐིས་གསར་འགོད་པར། ཁོང་ཚོའི་ཁྱིམ་གྱིས་ཞིང་ཁྱིམ་སྤྲོ་ཁང་བཙུགས་ནས་ལོ་གཉིས་ཕྱིན་པ་དང་། ད་ལོ་མུ་མཐུད་ཡུལ་སྐོར་བར་་ཞབས་ཞུ་ཡག་པོ་སྒྲུབ་རྒྱུ་ཡིན། ཞབས་ཞུ་ཆ་ནས་དང་རོལ་རྩེད་ཀྱི་ཆ་ནས་དེ་གར་ཕེབས་པའི་སྐུ་མགྲོན་ཚོ་སྐྱིད་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཕྱིན་པ་དང་བསྟུན། ཨེ་ཧ་མེ་ཐི་བསྡད་སའི་དབྱི་ཀན་ཆེ་གྲོང་ཚོས་ལག་ཤེས་བཟོ་རྩལ་གྱི་སྒྱུ་རྩལ་དངོས་པོ་འགྲེམས་སྟོན་དང་། ཁྱད་ལྡན་བཟའ་བཏུང་ཁང་། ངལ་གསོ་ལྟ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་མུ་འབྲེལ་དམངས་སྲོལ་ཚོང་ཁང་བཙུགས་པ་དང་། གྲོང་ཚོའི་ཁྱིམ་དུད་༣༤ཚོང་གཉེར་ལས་སྒོའི་ནང་ཞུགས་ཡོད། སི་ཁྲོན་ནས་ཕེབས་པའི་ཡུལ་སྐོར་བ་གུ་ཉིང་ཉིང་གིས། དེ་གའི་ཁོར་ཡུག་ཧ་ཅང་ཡག་པོ་འདུག་ལ། དེང་རབས་ཅན་གྱི་སྒྲིག་བཀོད་ཡག་འདུག་པས། སྐྱིད་སྣང་དོད་པོ་དང་ལྷོད་ཤིག་ཤིག་ཡོང་གི་འདུག་ཅེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

ཤིང་ཅང་གིས་སྤྱི་ལོ་༢༠༢༠ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་དུང་ཕྱུར་༣གཡས་གཡོན་ཟིན་ཐུབ་པ་བྱ་རྒྱུ་ཡིན་པ།

ཤིང་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་ཤིང་དར་འཐབ་ཇུས་ལག་བསྟར་བྱས་ཚུན། ཡུལ་སྐོར་ལས་རིགས་ཀྱིས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་གཏོང་དང་། ལས་ཞུགས་འཕར་སྣོན། དབུལ་སྐྱོར་གསར་སྤེལ་བཅས་ཀྱི་ཁྲོད་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་ད་ལོའི་སྲིད་གཞུང་ལས་དོན་སྙན་ཞུའི་ནང། ཡུལ་སྐོར་ཤིང་དར་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་