ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སྤྱི་ལོ་2020ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་འགོ་ཚུགས་པ་དང་། ས་གནས་ཁག་དང་སྡེ་ཁག་ཁག་གིས་ནུས་ཤུགས་ཡོད་རྒུས་དུས་བདེ་དང་། སྟབས་བདེ། དྲོ་སྐྱིད་ལྡན་པ། ཡིད་རྟོན་རུང་བ། སྦགས་མེད་བཅས་ཀྱི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་གཏོད་བཞིན་ཡོད་པ།

2020-01-10 15:10:00     责编:sangjzm

སྤྱི་ལོ་2020ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་སྤྱི་ཚེས་10ཉིན་དངོས་སུ་འགོ་ཚུགས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་9ཉིན་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་གྱི་དུས་བབ་དང་ལས་དོན་བཀོད་སྒྲིག་ཐད་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ས་གནས་ཁག་དང་སྡེ་ཁག་ཁག་གིས་ནུས་ཤུགས་ཡོད་རྒུས་དུས་བདེ་དང་། སྟབས་བདེ། དྲོ་སྐྱིད་ལྡན་པ། ཡིད་རྟོན་རུང་བ། སྦགས་མེད་བཅས་ཀྱི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་གཏོད་བཞིན་ཡོད་ཅེས་ངོ་སྤྲོད་གནང་ཡོད།

སྤྱི་ལོ་2020ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་ཉིན་བཞི་བཅུའི་རིང་། རྒྱལ་ཡོངས་ཀྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་30ཙམ་ཟིན་རྒྱུ་ཡིན་པ་དང་། དེའི་ནང་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་དང་སྒེར་གྱི་རླངས་འཁོར་ཚུད་མེད། སྐྱེལ་འདྲེན་བྱེད་ཚད་ལོ་གོང་མ་དང་བསྡུར་ན་ཅུང་ཟད་འཕར་རྒྱུ་ཡིན་པ་རེད། དེའི་ཁྲོད། གཞུང་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་24དང་བྱེ་བ་3ཟིན་རྒྱུ་དང་། བརྒྱ་ཆ་གཅིག་དང་གྲངས་ཆུང་གཉིས་ཙམ་ཆག་རྒྱུ། ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་4དང་བྱེ་བ་བཞི་ཟིན་རྒྱུ་དང་བརྒྱ་ཆ་8འཕར་རྒྱུ། དམངས་སྤྱོད་མཁའ་འགྲུལ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་བྱེ་བ་བདུན་དང་ས་ཡ་དགུ་ཟིན་རྒྱུ་དང་། བརྒྱ་ཆ་བརྒྱད་དང་གྲངས་ཆུང་བཞི་འཕར་རྒྱུ། ཆུ་ཐོག་ཏུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་བྱེ་བ་བཞི་དང་ས་ཡ་ལྔ་ཟིན་རྒྱུ་དང་། བརྒྱ་ཆ་དགུ་དང་གྲངས་ཆུང་དྲུག་འཕར་རྒྱུ་རེད།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ། གསར་འགྱུར་མགྲིན་ཚབ་པ་ཀྲའོ་ཁྲེན་ཞི་ཡིས། སྔོན་འགྲོའི་གྲ་སྒྲིག་ལས་དོན་རྩ་བའི་ནས་ལེགས་སྒྲུབ་ཟིན་པ་དང་། ལྕགས་ལམ་གྱི་དུས་ཆེན་གོང་གི་པ་སེ་སྔོན་འཚོང་བྱེད་པའི་འཚང་ཁ་ཆེ་བའི་དུས་སྐབས་བརྟན་པོའི་ངང་ཡོལ་ཟིན་ཡོད། སྤྱི་ལོ་2019ལོར་དབུལ་ཕོངས་ས་ཁུལ་དང་། གསར་བརྗེའི་རྟེན་གཞི་རྙིང་པ། གླ་པ་རྒྱུག་མཁན་མང་བའི་ས་ཁུལ་བཅས་མང་པོ་ཞིག་ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་། རྒྱལ་ཡོངས་ཀྱི་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྒྲིག་ཁོངས་ཚང་བའི་གྲོང་ཚོ་ཚང་མར་མཁྲེགས་གྱུར་ལམ་ཤར་གཏོང་ཐུབ་པ། ལོ་གཉིས་ནང་རྩ་བའི་ཆ་ནས་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་བརྒལ་བའི་ལམ་རིན་བསྡུ་ས་མེད་པ་བཟོ་བའི་ལས་འགན་སྤྱི་ལོ་2019ལོ་གཅིག་ནང་ཚང་མ་ལེགས་གྲུབ་ཟིན་ཡོད། དེ་དག་ཚང་མས་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་གྱི་འགན་སྲུང་ནུས་པར་རྨང་གཞི་བཏིང་ཡོད་ཅེས་ངོ་སྤྲོད་གནང་ཡོད།

སྟབས་བསྟུན་དོ་དམ་པུའི་བདེ་འཇགས་ཐོན་སྐྱེད་ཕྱོགས་བསྡུས་མཐུན་སྦྱོར་སིའི་སི་ཀྲང་། གསར་འགྱུར་མགྲིན་ཚབ་པ་སུའུ་ཅེས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གྲོས་མོལ་ཞིབ་དཔྱོད་དང་། ཆ་འཕྲིན་མཉམ་སྤྱོད། ཁ་གཏད་ཐག་གཅོད་བཅས་མཐུན་སྦྱོར་སྒྲིག་གཞི་གསུམ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། གངས་ཆར་འཁྱག་ཐེབས་དང་། གངས་ཆེན་པོ་འབབ་པ། སྨུག་པ་ཆེ་བ་སོགས་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ཆ་འཕྲིན་འགྱུར་བར་དོ་ཁུར་ཆེན་པོ་བྱས་ཏེ། གནམ་གཤིས་ངན་པ་སོགས་གློ་བུར་དུ་ཐོན་པའི་དོན་རྐྱེན་ལ་ཁ་གཏད་ནུས་ལྡན་གཅོག་རྒྱུ་རེད་ཅེས་བསྟན་ཡོད།

ད་ལོའི་སྤྱི་ཟླ་1པོའི་ཚེས་1ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་བརྒལ་བའི་ལམ་རིན་བསྡུ་ས་ཚང་མ་མེད་པ་བཟོས་པ་དང་། རླངས་འཁོར་ཁ་བཀག་མི་དགོས་པར་ལམ་རིམ་བསྡུ་བའི་མ་ལག་གསར་པ་ལག་བསྟར་བྱེད་འགོ་ཚུགས་ཡོད། གཟའ་འཁོར་གཅིག་སོང་རིང་གི་སྐྱེལ་འདྲེན་རྣམ་པ་བརྟན་ལ་གོ་རིམ་ལྡན་པ་དང་། ཟམ་མི་ཆད་པར་ལེགས་སུ་འགྲོ་བཞིན་ཡོད། གསར་འགྱུར་ལས་རིགས་ཀྱིས་ལན་ཆ་བྱེད་པའི་འགྲིམ་འགྲུལ་འགག་པའི་གནད་དོན་རིམ་བཞིན་སེལ་བཞིན་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

སྤྱི་ལོ་2020ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་འགོ་ཚུགས་པ་དང་། ས་གནས་ཁག་དང་སྡེ་ཁག་ཁག་གིས་ནུས་ཤུགས་ཡོད་རྒུས་དུས་བདེ་དང་། སྟབས་བདེ། དྲོ་སྐྱིད་ལྡན་པ། ཡིད་རྟོན་རུང་བ། སྦགས་མེད་བཅས་ཀྱི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་གཏོད་བཞིན་ཡོད་པ།

སྤྱི་ལོ་2020ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་སྤྱི་ཚེས་10ཉིན་དངོས་སུ་འགོ་ཚུགས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་9ཉིན་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་གྱི་དུས་བབ་དང་ལས་དོན་བཀོད་སྒྲིག་ཐད་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ས་གནས་ཁག་དང་སྡེ་ཁག་ཁག་གིས་ནུས་ཤུགས་ཡོད་རྒུས་དུས་བདེ་དང་། སྟབས་བདེ། དྲོ་སྐྱིད་ལྡན་