ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་ཡོང་བ་བྱེད་པའི་སྲིད་ཇུས་ཀྱི་ནུས་པ་རྒྱུན་མཐུད་དུ་ཐོན་པ་དང་། གོམ་སྟབས་གཉིས་ཀྱི་རེ་ཞུ་དེ་ཉིད་ཁེ་ལས་ནས་ཚོང་ཟོག་ལེན་པའི་མྱུར་ཚད་མགྱོགས་སུ་བཏང་བ།

2019-12-02 10:32:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གཤམ་ལ་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་ཡོང་བ་བྱེད་པའི་སྲིད་ཇུས་ཀྱི་ནུས་པ་རྒྱུན་མཐུད་དུ་ཐོན་པ་དང་། གོམ་སྟབས་གཉིས་ཀྱི་རེ་ཞུ་དེ་ཉིད་ཁེ་ལས་ནས་ཚོང་ཟོག་ལེན་པའི་མྱུར་ཚད་མགྱོགས་སུ་བཏང་བ་ཞེས་པ་ཞུ་རྒྱུ་ཡིན།

སྤྱི་ཟླ་11པའི་ཟླ་དཀྱིལ་དུ། ཆིང་ཏའོ་འགག་སྒོ་ལས་ཁུངས་ཀྱིས་འགག་སྒོ་ཧྲིལ་པོའི་ཁྱབ་ཁོངས་ནང་གོམ་སྟབས་གཉིས་ཀྱི་རེ་ཞུ་ཞེས་པའི་སྒྱུར་བཅོས་ཁྱབ་གདལ་གཏོང་འགོ་ཚུགས་ཡོད། སྒྱུར་བཅོས་དེ་རིགས་ཀྱི་ཐོག་ནས་ཁེ་ལས་ཀྱིས་འགག་སྒོ་སྒྲོལ་སྐབས་ཐེངས་གཅིག་རང་བཞིན་གྱིས་ཆ་འཕྲིན་ཆ་ཚང་འབྲི་མི་དགོས་པར། སྔོན་ལ་དགོས་ངེས་ཀྱི་ཆ་འཕྲིན་ཁག་གཅིག་ཡིག་ཐོག་ནས་སྙན་སེང་ཞུས་ཏེ་ཚོང་ཟོག་ལེན་དགོས་པ་དང་། དེ་ནས་གཏན་འབེབས་ཀྱི་དུས་ཚོད་ནང་རེ་ཞུ་ཁ་གསབ་བྱས་ན་འགྲིག་གི་ཡོད་པ་མཚོན་གྱི་ཡོད། ཆིང་ཏའོ་འགག་སྒོ་ལས་ཁུངས་ཀྱི་ཕྱོགས་བསྡུས་ལས་སྒོ་ཁྲུའུ་ཡི་འགོ་འཛིན་གཞོན་པ་ཆུས་ཅིང་སུང་གིས་གསར་འགོད་པར། སྒྱུར་བཅོས་བྱས་རྗེས་དངོས་ཟོག་འགག་སྒོ་ལས་སྒྲོལ་བའི་དུས་ཚོད་དེའི་གོང་ལས་བརྒྱ་ཆ་དྲུག་བཅུ་ཡིས་ཐུང་དུ་ཕྱིན་ཡོད། ཁེ་ལས་ཀྱི་ངོས་ནས་བཤད་ཚེ། ལས་དོན་གཙོ་བོ་རྣམས་བསྒྲུབས་ཟིན་རྗེས་རེ་ཞུ་ལེགས་གྲུབ་བྱེད་ཆོག་པ་དང་། གཞི་རྩའི་ཆ་ནས་དངོས་ཟོག་གྲུ་ཁར་འབྱོར་རྗེས། གལ་ཏེ་དཔྱད་བཤེར་བྱ་རྒྱུ་བཀོད་སྒྲིག་བྱས་མེད་ཚེ། གྲུ་ཁར་འབྱོར་སྐབས་དངོས་ཟོག་རྣམས་གྲུ་ཁ་ནས་ལེན་ཆོག་གི་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有