ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གྱོད་དཔེ་ཁག་ཅིག་ཐེར་འདོན་བྱས་པ།

2019-12-02 10:28:00     责编:卓玛才让

ཉིན་ཤས་གོང་། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐབས་འབྲེལ་ཡོད་ས་ཁུལ་གྱི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་དཔེ་མཚོན་འོས་པའི་གྱོད་གཞི་བརྒྱད་ཐེར་འདོན་བྱས་པ་སྟེ།

དེ་དག་སོ་སོ་ནི། ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་ཞུད་ཧྲུད་ཁུལ་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཧྲུའུ་ཅི་སོའོ་ཧྲུའུ་ཧྥེང་སོགས་ཀྱིས་ཏང་དོ་དམ་དང་བཅོས་སྐྱོང་ནན་པོ་བྱ་རྒྱུའི་འགན་འཁྲི་ཡག་པོ་མ་འཁུར་བའི་རྐྱེན་གྱིས་ཁུལ་དེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཁྲོད་སྒྲིག་སྲོལ་ལས་འགལ་ནས་བཟའ་འཐུང་བྱས་པའི་གནད་དོནབསྟུད་མར་ཐོན་པ།

ཅང་ཞི་ཞིང་ཆེན་ཧྥིང་ཤང་གྲོང་ཁྱེར་ལན་ཧྭ་རྫོང་ཨུད་ཀྱི་དེ་སྔའི་ཏང་ཨུད་ཧྲུའུ་ཅི་ལེའུ་ཞང་གིས་རྒྱལ་ཁབ་ཀྱི་དབུལ་ཕོངས་རྫོང་གི་དབུལ་ཞྭ་འབུད་པའི་ཞིབ་བཤེར་རྩིས་ལེན་ཁྲོད་རྫུན་བཟོ་རྫུན་ཞུ་བྱས་པ་སོགས་ཀྱི་གནད་དོན།

ཧོ་ནན་ཞིང་ཆེན་སན་མེན་ཞ་གྲོང་ཁྱེར་མན་ཁྲེ་རྫོང་ཏོན་ཚུན་ཤང་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཡོན་ལི་ཏུང་གིས་འགན་འཛོལ་ཚབས་ཆེན་ཤོར་བའི་རྐྱེན་གྱིས་ནག་འབྲེལ་སྟོབས་ཤུགས་གྲོང་གསེབ་གཞི་རིམ་རྩ་འཛུགས་ནང་སིམ་འཛུལ་བྱས་པ་སོགས་ཀྱི་གནད་དོན།

ཀན་སུའུ་ཞིང་ཆེན་ཆུ་བེད་ཐིང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི། ཐིང་ཀྲང་ཝི་པའོ་ཅུན་སོགས་ཀྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གཞིའི་ནང་འགན་ཡག་པོ་མ་འཁུར་བ་སོགས་ཀྱི་གནད་དོན།

ཡུན་ནན་ཞིང་ཆེན་ཧུང་ཧོ་ཁུལ་ཅན་ཧྲུད་རྫོང་གི་རྫོང་དཔོན་གཞོན་པ་ཞུད་ལེ་སོགས་ཀྱིས་འགན་འཛོལ་ཚབས་ཆེན་ཤོར་བའི་རྐྱེན་གྱིས་རྫོང་གྲོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་དབང་ཆ་གང་བྱུང་དུ་སྤྱད་ནས་གླ་རིན་གང་བྱུང་བསྡུས་ཤིང་། ཚོང་གཉེར་ཁོར་ཡུག་ལ་ཤུགས་རྐྱེན་བཟོས་པ་སོགས་ཀྱི་གནད་དོན།

ཀུད་ཀྲོའུ་ཞིང་ཆེན་ཐུང་རིན་གྲོང་ཁྱེར་ཡན་ཧོ་ཐུ་ཅ་རིགས་རང་སྐྱོང་རྫོང་ཧྥུ་ཤིང་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཐན་ཡུང་ཞན་གྱིས་མ་མཐའི་འཚོ་རྟེན་འགན་སྲུང་སྲིད་ཇུས་ལག་བསྟར་བྱེད་པའི་སྐབས་རང་གི་སྤུན་མཆེད་དང་གྲོགས་པོར་ཕྱོགས་ཞེན་བྱས་པ་སོགས་ཀྱི་གནད་དོན།

ཅང་སུའུ་ཞིང་ཆེན་ཝུ་ཞི་གྲོང་ཁྱེར་ཞི་ཧྲན་ཁུལ་སློབ་གསོ་ཅུད་ཀྱི་ཏང་ཨུད་ཧྲུའུ་ཅི། ཅུད་ཀྲང་ཧྥེང་ཏུང་ཡན་སོགས་ཀྱིས་དོན་དངོས་ལ་མ་བསྟུན་པར་ཡིག་ཆ་གང་བྱུང་དུ་བཀྲམ་ནས་གཞི་རིམ་གྱི་ཁུར་པོ་ལྕི་རུ་བཏང་བའི་གནད་དོན།

ཧྲའན་ཤིའི་ཞིང་ཆེན་ཞན་ཡང་གྲོང་ཁྱེར་གྱི་དེ་སྔའི་གྲོང་ཨུད་རྒྱུན་ཨུད། གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅུན་གྱིས་ནག་འབྲེལ་ཉེས་གསོག་མི་སྣར་འགེབ་སྲུང་བྱས་པའི་གནད་དོན་བཅས་རེད།

ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཐོག ཏང་གི་འགོ་ཁྲིད་ཅེས་པའི་རྩ་འཛིན་འདི་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡི་བླ་སྲོག་འདི་གཉིས་དམ་འཛིན་གྱིས། ཆབ་སྲིད་ཀྱི་འགན་སེམས་དེ་བས་ཆེ་བའི་ཐོག་ནས་ཆེད་དོན་བཅོས་སྒྲིག་ལས་དོན་ཡག་པོ་བསྒྲུབ་དགོས། རིམ་ཁག་ཏང་རྩ་འཛུགས་དང་འབྲེལ་ཡོད་སྡེ་ཁག་གིས་ཆེད་དོན་བཅོས་སྐྱོང་གི་འགན་འཁྲི་གཙོ་བོ་ལག་བསྟར་བྱས་ཐོག སྲུང་སྐྱོབ་གཉིས་ལ་བརྟེན་ནས་བཅོས་སྒྲིག་ལ་དམ་འཛིན་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་ས་དང་མང་ཚོགས་ལ་དཀའ་རྙོག་འཕྲད་པའི་དོན་དག་ལ་དམིགས་ནས། གོང་འོག་མཉམ་འགུལ་དང་། གོ་རིམ་ཡོད་པའི་སྦྲེལ་མཐུད་བྱས་ནས། ས་ཁུལ་དེ་རང་དང་ལས་ཁུངས་དེ་རང་། ཚན་པ་དེ་རང་བཅས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་དགོས་པ།
རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་ནན་པོ་བྱས་ནས། བཅོས་སྒྲིག་ཡག་པོ་མི་བྱེད་པ་དང་། བཅོས་སྒྲིག་ཐད་ཁྲལ་སེལ་སླ་བཅོས་བྱེད་པ། ཡིག་ཆ་བཀྲམ་ནས་བཅོས་སྒྲིག་བྱེད་ཁུལ་བྱེད་པ། བཅོས་སྒྲིག་རྫུན་མ་བྱེད་པ་སོགས་ཀྱི་གནད་དོན་ལ་འགན་འཁྲི་བདའ་འདེད་དང་། འགན་འཁྲི་རྩད་གཅོད་ནན་པོ་བྱ་དགོས་པ། རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་འབྲེལ་བར་གོ་བ་གཏིང་ཟབ་བླངས་ཐོག ལམ་ལུགས་འཛུགས་སྐྱོང་དེ་མངོན་གསལ་གྱི་གནས་བབ་ཐོག་འཇོག་དགོས་པ་དང་། ལག་བསྟར་ལ་ལྟ་སྐུལ་དང་འགན་སྲུང་བྱེད་པ་དང་། འཐུས་ཚང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ནུས་འདོན་སྤེལ་གང་ལེགས་བྱེད་པ། རིམ་ཁག་ཏང་རྩ་འཛུགས་ཀྱིས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ། ཆེད་དོན་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཕུགས་ཕན་སྒྲིག་གཞི་གྲུབ་པ་བྱེད་པ། ལམ་ལུགས་ཀྱི་བཟང་ཆ་དེ་བཅོས་སྐྱོང་ཀྱི་ནུས་པར་འགྱུར་བ་བཅས་བྱས་ནས། རང་རེའི་ཏང་གི་ལུས་ཕུང་དུས་ནམ་ཡང་སྐྱོན་བྲལ་བདེ་ཐང་དུ་གནས་རྒྱུར་འགན་སྲུང་བྱ་དགོས་ཞེས་ནན་སྟོན་གནང་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གྱོད་དཔེ་ཁག་ཅིག་ཐེར་འདོན་བྱས་པ།

ཉིན་ཤས་གོང་། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐབས་འབྲེལ་ཡོད་ས་ཁུལ་གྱི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་དཔེ་མཚོན་འོས་པའི་གྱོད་གཞི་བརྒྱད་ཐེར་འདོན་བྱས་པ་སྟེ།