ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་དབྱང་དམག་ཨུད་ཀྱིས་དུས་རབས་གསར་པའི་དམག་དཔུང་གི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ཞེས་པ་པར་འགྲེམས་བྱས་པ།

2019-11-29 10:13:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཉིན་ཤས་གོང་། ཀྲུང་དབྱང་དམག་ཨུད་ཀྱིས་དུས་རབས་གསར་པའི་དམག་དཔུང་གི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ཞེས་པ་པར་འགྲེམས་བྱས་ནས། དམག་ཡོངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་གཞི་རིམ་འཛུགས་སྐྱོང་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དཔུང་གི་གཞི་རིམ་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་ཤུགས་ཆེན་གཏོང་རྒྱུའི་བླང་བྱ་བཏོན་ཡོད།

གཏན་འབེབས་ནང་། དུས་རབས་གསར་པའི་རང་དམག་གི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི། དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་སྤེལ་གཏོང་བའི་རྩ་བ་གནས་ས་དེ་དང་། སྟོབས་ཤུགས་གནས་ས་དེ་ཡིན། དམག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། རྒྱུན་འཁྱོངས་བྱ་ཡུལ་བཞིའི་བླང་བྱ་དོན་འཁྱོལ་བྱེད་པ། ཕུལ་བྱུང་སྲོལ་རྒྱུན་གོང་འཕེལ་གཏོང་བ། བསྒྱུར་བཅོས་གསར་གཏོད་བྱ་ཤུགས་ཆེ་རུ་གཏོང་བ། ཁྱོན་ཡོངས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་མཁན་ཉམས་སད་ཐེག་ཐུབ་པའི་གཞི་རིམ་ཞིག་དང་། དམག་རྒྱག་ཐུབ་པ་དང་དམག་ལ་རྒྱལ་ཁ་ལེན་ཐུབ་པའི་ཉམས་སད་ཐེག་ཐུབ་པའི་གཞི་རིམ་ཞིག སྒྲིག་ཁྲིམས་ནན་པ་དང་དར་སྲོལ་བཟང་བའི་ཉམས་སད་ཐེག་ཐུབ་པའི་གཞི་རིམ་འཛུགས་པ་བརྒྱུད། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་རྨང་གཞི་དང་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཀྲུང་དབྱང་དམག་ཨུད་ཀྱིས་དུས་རབས་གསར་པའི་དམག་དཔུང་གི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ཞེས་པ་པར་འགྲེམས་བྱས་པ།

ཉིན་ཤས་གོང་། ཀྲུང་དབྱང་དམག་ཨུད་ཀྱིས་དུས་རབས་གསར་པའི་དམག་དཔུང་གི་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ཞེས་པ་པར་འགྲེམས་བྱས་ནས། དམག་ཡོངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་གཞི་རིམ་འཛུགས་སྐྱོང་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དཔུང་གི་གཞི་རིམ་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་ཤུགས་ཆེན་གཏོང་རྒྱུའི་བླང་བྱ་བཏོན་ཡོད།