ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཤང་ཀང་ལས་རིགས་ཁག་གིས་ཨ་རིས་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཞེས་པར་མིང་རྟགས་བཀོད་ནས་བཅའ་ཁྲིམས་སུ་འགྱུར་བ་བྱས་པར་ངོ་རྒོལ་དང་རྒོལ་གཏམ་བཏང་བ།

2019-11-29 10:03:00     责编:卓玛才让

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ། ཤང་ཀང་ལས་རིགས་ཁག་གིས་ཨ་རིས་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཟེར་བར་མིང་རྟགས་བཀོད་ནས་བཅའ་ཁྲིམས་སུ་འགྱུར་བ་བྱས་པར་ངོ་རྒོལ་བྱས་པ་མ་ཟད་དེར་རྒོལ་གཏམ་བཏང་ནས། ཨ་རིའི་ཕྱོགས་ཀྱིས་ཤང་ཀང་དུ་ཟིང་ཆ་སླངས་ནས་ཀྲུང་གོའི་གོང་འཕེལ་ལ་བཀག་འགོག་བྱ་རྩིས་བྱེད་པའི་ལྐོག་ངན་ལམ་ལྷོངས་ཡོང་མི་སྲིད་ཅེས་བཤད་ཡོད།

དམངས་གཙོ་ཀང་འཛུགས་མཐུན་ཚོགས་མནའ་འབྲེལ་གྱིས། ཁྲིམས་གཞི་དེ་དོན་དངོས་དང་རྒྱལ་འགལ་དུ་སོང་ཞིང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལས་འགལ་བ་ཞིག་རེད། ཨ་རིའི་ཕྱོགས་ཀྱིས་ཤང་ཀང་བས་ཁྲིམས་གཞི་དེར་ངོ་རྒོལ་གྱི་བསམ་འཆར་ཐེངས་མང་བཏོན་པ་སྣང་མེད་དུ་བཏང་ནས་གང་དགའ་གང་སྐྱིད་བྱས་པས་དེ་ནི་བཙན་དབང་བྱ་སྤྱོད་གསོན་པོ་ཞིག་རེད། ང་ཚོས་དེར་རྒོལ་གཏམ་གཏོང་རྒྱུ་མ་ཟད་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད།

བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས། ཨ་རིའི་སྲིད་ཕྱོགས་མི་སྣ་མང་པོས་གཏུམ་སྤྱོད་པས་ཤང་ཀང་ལ་གཏོར་བཤིག་གཏོང་བའི་དོན་དངོས་སྣང་མེད་དུ་བཞག་ནས་འགྲོ་བ་མིའི་ཐོབ་དང་དམངས་གཙོར་ཁ་གཡར་ཏེ་ཤང་ཀང་གི་མིག་སྔའི་གནས་བབ་ལ་གང་འདོད་ལྟར་གཏམ་བཤད་སྤེལ་བ་དང་། ཤང་ཀང་གི་བྱ་དོན་ལ་ཐེ་ཇུས་བྱེད་པའི་དམིགས་ཡུལ་ནི་ཤང་ཀང་གི་གནད་དོན་ལ་བརྟེན་ནས་ཀྲུང་གོའི་གོང་འཕེལ་ལ་བཀག་འགོག་བྱེད་པའི་ལྐོག་ངན་མངོན་འགྱུར་བྱ་ཆེད་རེད་ཅེས་གསལ་བསྒྲགས་སྤེལ་ཡོད།
ཤང་ཀང་དམིགས་གསལ་སྲིད་འཛིན་ཁུལ་གྱི་ཞིང་ཆེན་རིམ་པའི་སྲིད་གྲོས་ཨུ་ཡོན་མཉམ་འབྲེལ་ལྷན་ཚོགས་ཀྱིས། ཨ་རིས་མངོན་སུམ་འཛེམ་མེད་ངང་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་རྡོག་རོལ་གཏོང་བ་དང་། རྒྱལ་ནང་བཅའ་ཁྲིམས་ཀྱི་འཇིག་སྣང་དང་འཇིག་སྐུལ་བྱ་ཐབས་ཐོག་ནས་ཤང་ཀང་གནད་དོན་ལ་ཐེ་ཇུས་བྱེད་པ། ཀྲུང་གོར་ངོ་རྒོལ་བྱེད་པའི་ཤང་ཀང་གི་གཏུམ་སྤྱོད་པར་འཛེམ་བག་མེད་པར་སྲུང་སྐྱོབ་བྱེད་པའི་ཐ་ཤལ་གྱི་བྱ་སྤྱོད་དང་བྱ་ཐབས་ལ་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་མ་ཟད་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན། ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་དགོས་ངེས་ཀྱི་བྱ་ཐབས་མཐའ་དག་བཟུང་ནས་གཏུམ་སྤྱོད་པར་ཆད་པ་དྲག་པོ་གཅད་ནས་ཟིང་ཆ་ཞོད་འཇགས་གཏོང་རྒྱུར་རྒྱབ་སྐྱོར་མཐའ་ཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད།
ཤང་ཀང་དམིགས་གསལ་སྲིད་འཛིན་ཁུལ་གྱི་ཀྲུང་ཧྭ་ཕྱིར་སྡོད་སྤུན་ཟླའི་མཉམ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས། ཨ་རིས་ཀྲུང་གོའི་ངོ་རྒོལ་དྲག་པོར་མ་བལྟོས་པར་གང་བསམ་ཅི་གྲུབ་ཀྱིས་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཟེར་བར་མིང་རྟགས་བཀོད་ནས་བཅའ་ཁྲིམས་སུ་འགྱུར་བ་བྱས་པ་དེ་ནི་ཤང་ཀང་གི་བྱ་དོན་དང་ཀྲུང་གོའི་ནང་སྲིད་ལ་བཙན་བཤེད་ཀྱིས་ཐེ་ཇུས་བྱས་པ་ཞིག་རེད། ང་ཚོས་དེའི་ཐད་ངོ་རྒོལ་དྲག་པོ་བྱ་རྒྱུ་དང་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེའང་ཀྲེན་དབྱིང་གིས། ཨ་རིར་གནས་ལུགས་རྒྱུ་མཚན་ཤོད་ས་མེད་པ་རང་རེད། ཤང་ཀང་གི་དམངས་གཙོའི་ཚད་གཞི་ནི་ཕྱིར་ལོག་མ་བྱས་གོང་ཏེ་དབྱིན་ཇུས་དབང་སྒྱུར་བྱེད་པའི་སྐབས་ལས་ཡག་པ་ཡོད། ང་ཚོར་ད་ཡོད་ཀྱི་རང་དབང་དང་ཁྲིམས་མཐུན་གྱི་འདེམས་བསྐོ་ཡོད། དེ་ནི་ཤང་ཀང་གི་འགྲོ་བ་མིའི་ཐོབ་དང་རང་དབང་། དམངས་གཙོ། ཁྲིམས་སྐྱོང་བཅས་ལས་བྱུང་བ་ཞིག་རེད། ང་ཚོས་ང་ཚོ་ཨ་རི་ལས་ལྷགས་པ་ཡོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཟུར་པ་ཧྥན་ཞུས་ལི་ཐའེ་ཡིས། ཨ་རི་སྲིད་གཞུང་ནི་མ་གཞི་བཙན་དབང་གི་སྲིད་གཞུང་ཞིག་དང་། རང་བཤད་རང་འཁྲབ་བྱེད་མཁན་ཞིག་རེད། དེ་ནི་འཛེམ་བག་མེད་པའི་ཧམ་གཤེད་བྱ་སྤྱོད་ཅིག་རེད། ཨ་རིའི་བཙན་དབང་གནས་བབ་ལ་ཉེན་ཁ་ཕོག་དོགས་ཀྱིས་ཐབས་ཤེས་ཡོད་རྒུ་སྤྱད་དེ་ང་ཚོའི་རྒྱལ་ཁབ་ཀྱི་གོང་འཕེལ་ལ་བཀག་འགོག་བྱེད་རྩིས་བྱེད་ཀྱི་ཡོད། འགྲོ་བ་མིའི་ཐོབ་ཐང་ཐད། ཨ་རི་སྔ་ནས་ད་བར་ཚད་གཞི་གཉིས་འཛིན་མཁན་ཞིག་ཡིན། སྐབས་རེ་ཚད་གཞི་གཉིས་འཛིན་གྱིས་ཚད་ཡས་མེད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཤང་ཀང་ལས་རིགས་ཁག་གིས་ཨ་རིས་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཞེས་པར་མིང་རྟགས་བཀོད་ནས་བཅའ་ཁྲིམས་སུ་འགྱུར་བ་བྱས་པར་ངོ་རྒོལ་དང་རྒོལ་གཏམ་བཏང་བ།

ཤང་ཀང་ལས་རིགས་ཁག་གིས་ཨ་རིས་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཟེར་བར་མིང་རྟགས་བཀོད་ནས་བཅའ་ཁྲིམས་སུ་འགྱུར་བ་བྱས་པར་ངོ་རྒོལ་བྱས་པ་མ་ཟད་དེར་རྒོལ་གཏམ་བཏང་ནས། ཨ་རིའི་ཕྱོགས་ཀྱིས་ཤང་ཀང་དུ་ཟིང་ཆ་སླངས་ནས་ཀྲུང་གོའི་གོང་འཕེལ་ལ་བཀག་འགོག་བྱ་རྩིས་བྱེད་པའི་ལྐོག་ངན་ལམ་ལྷོངས་ཡོང་མི་སྲིད་ཅེས་བཤད་ཡོད།