ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཁེ་ཆང་གིས་སུའུ་རི་ནམ་གྱི་ཙུང་ཐུང་པའོ་ཐེ་སེ་དང་མཇལ་འཛོམས་གནང་བ།

2019-11-28 10:29:00     责编:卓玛才让

སྤྱི་ཚེས་27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོར་སུའུ་རི་ནམ་གྱི་ཙུང་ཐུང་པའོ་ཐེ་སེ་དང་མཇལ་མོལ་གནང་བ་རེད།

ལི་ཁེ་ཆང་གིས། ཀྲུང་གོ་དང་སུ་རི་ནམ་རྒྱལ་ཁབ་གཉིས་ནི་ལེ་དབར་ཁྲི་སྟོང་ཆོད་རུང་མི་དམངས་བར་གྱི་མཛའ་གྲོགས་ནི་ཧ་ཅང་ཟབ་པོ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་40ལྷག་སོང་རིང་། ཕྱོགས་གཉིས་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་གོང་འཕེལ་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སྐུ་ཞབས་རྣམ་གཉིས་ནས་གྲོས་མོལ་གནང་བ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་རྒྱུར་སྐུལ་འདེད་ཐེབས་ངེས་ཡིན། ང་ཚོས་མུ་མཐུད་དེ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱིས་ལྟ་སྟངས་འཛིན་པའི་རྨང་གཞིའི་ཐོག སུ་རི་ནམ་དང་ལྷན་དུ་དེ་བས་ལེགས་པའི་སྒོ་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཐུབ་པ་བྱེད་འདོད་ཡོད་ཅེས་དང་། ལི་ཁེ་ཆང་གིས། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་དང་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ཀྲུང་གོའི་རང་ངོས་གོང་འཕེལ་གྱི་དགོས་མཁོ་ཡིན། ཀྲུང་གོས་དཔལ་འབྱོར་འཕར་གནས་དེ་ལུགས་མཐུན་གྱི་བར་ཁམས་ནང་རྒྱུན་སྐྱོང་རྒྱུ་དང་ཆབས་གཅིག་ཏུ་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་བཏང་ནས། ད་ལོའི་ལོ་ཧྲིལ་པོའི་ནུས་གྲོན་འབུད་བཤངས་ཀྱི་ལས་འགན་ལེགས་འགྲུབ་བྱེད་རྒྱུ་དང་། གདེང་ཚོད་ཡོད་པའི་སྒོ་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ནང་གཏན་ལ་འཁེལ་བའི་བཙོག་འབུད་ཉུང་གཏོང་གི་དམིགས་འབེན་དུས་བཀག་ལྟར་ལེགས་སྒྲུབ་བྱེད་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་ཕྱོགས་ཁག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་གནམ་གཤིས་འགྱུར་བའི་ཧྥ་རི་སིའི་གྲོས་ཆོད་ཅེས་པ་ནུས་ལྡན་སྒོ་ནས་ལག་ལེན་བསྟར་འདོད་ཡོད་ཅེས་བསྟན་གནང་བ་རེད།

པའོ་ཐེ་སེས། འདས་ཟིན་པའི་ལོ་ངོ་70ནང་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གོང་འཕེལ་གྱི་གྲུབ་འབྲས་ཐོབ་ཡོད། སུའུ་རི་ནམ་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་སོགས་རྒྱལ་སྤྱིའི་གནད་དོན་ཐད་ཀྱི་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།

ཉིན་དེའི་ཕྱི་དྲོ། སུའུ་རི་ནམ་གྱི་ཙང་ཐུང་པའོ་ཐེ་སས་གནམ་བདེ་སྒོ་མོའི་ཐང་ཆེན་ཐོག་ཕེབས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་བ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་སུའུ་རི་ནམ་གྱི་ཙུང་ཐུང་པའོ་ཐེ་སེ་དང་མཇལ་འཛོམས་གནང་བ།

ལི་ཁེ་ཆང་གིས། ཀྲུང་གོ་དང་སུ་རི་ནམ་རྒྱལ་ཁབ་གཉིས་ནི་ལེ་དབར་ཁྲི་སྟོང་ཆོད་རུང་མི་དམངས་བར་གྱི་མཛའ་གྲོགས་ནི་ཧ་ཅང་ཟབ་པོ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་40ལྷག་སོང་རིང་། ཕྱོགས་གཉིས་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་གོང་འཕེལ་འགྲོ་བཞིན་ཡོད།