ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཧན་ཀྲེང་གིས་ཨུ་རུ་སུའི་ཙུང་ལི་གཞོན་པ་དང་པོ་དང་ལྷན་དུ་ཀྲུང་ཨུའི་མ་འཇོག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ།

2019-11-27 10:03:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སུའི་མ་འཇོག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་ཕྱོགས་ཀྱི་ཀྲུའུ་ཞི་ཧན་ཀྲེང་གིས་ཚེས་26ཉིན་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ལི་གཞོན་པ་དང་པོ་དང་། ཨུ་ཡོན་ལྷན་ཁང་གི་ཨུ་རུ་སུའི་ཕྱོགས་ཀྱི་ཀྲུའུ་ཞི་ཞི་ལུའུ་ཨ་ནུའོ་ཧྥུ་དང་ལྷན་དུ་ཀྲུང་ཨུའི་མ་འཇོག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ཡོད།

ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མ་འཇོག་མཉམ་ལས་ཀྱི་འཕེལ་རིམ་དང་གཙོ་གནད་རྣམ་གྲངས་ལག་བསྟར་བྱས་ཚུལ་ཕྱོགས་སྡོམ་གསེད་བཀྲོལ་གནང་སྟེ། མགྲིན་དབྱངས་གཅིག་གྱུར་ཐོག་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ་དང་མ་འཇོག་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་ཡོད།

ཧན་ཀྲེང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱིས་མགྲིན་དབྱངས་གཅིག་གྱུར་ཐོག རྒྱལ་ཁབ་གཉིས་པོའི་མ་འཇོག་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མ་འཇོག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཐུན་མོང་ཐོག་མཉམ་ལས་རྣམ་གྲངས་དེ་བས་མང་བ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་གནང་ཡོད། ཀྲུང་གོའི་ཕྱོགས་ནས་ཨུ་རུ་སུའི་ཕྱོགས་བར་ལག་གདང་སྦྲེལ་ཏེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་གལ་ཆེའི་ཐུན་མོང་ངོས་འཛིན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་མ་འཇོག་མཉམ་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དངོས་གཉེར་གྲུབ་འབྲས་སྔར་བས་མང་བ་ཐོབ་པ་བཅས་བྱས་ཏེ་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཚོགས་འདུ་གྲོལ་རྗེས། ཧན་ཀྲེང་དང་ཞི་ལུའུ་ཨ་ནུའོ་ཧྥུ་ཡིས་ཀྲུང་གོ་དང་ཨུ་རུ་སུའི་མ་འཇོག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་རྩ་གནད་ཅེས་པར་མཚན་རྟགས་བཀོད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

中央广播电视总台 央广网 版权所有

ཧན་ཀྲེང་གིས་ཨུ་རུ་སུའི་ཙུང་ལི་གཞོན་པ་དང་པོ་དང་ལྷན་དུ་ཀྲུང་ཨུའི་མ་འཇོག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སུའི་མ་འཇོག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་ཕྱོགས་ཀྱི་ཀྲུའུ་ཞི་ཧན་ཀྲེང་གིས་ཚེས་26ཉིན་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ལི་གཞོན་པ་དང་པོ་དང་། ཨུ་ཡོན་ལྷན་ཁང་གི་ཨུ་རུ་སུའི་ཕྱོགས་ཀྱི་ཀྲུའུ་ཞི་ཞི་ལུའུ་ཨ་ནུའོ་ཧྥུ་དང་ལྷན་དུ་ཀྲུང་ཨུའི་མ་འཇོག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ཡོད།