ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཁེ་ཆང་གིས་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་འདིང་རྒྱུར་ཞིབ་འཇུག་བཀོད་སྒྲིག་བྱེད་པའི་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཧན་ཀྲེང་གྲོས་ཚོགས་ལ་ཞུགས་པ།

2019-11-27 10:01:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་འདིང་རྒྱུར་ཞིབ་འཇུག་བཀོད་སྒྲིག་བྱེད་པའི་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གྲོས་ཚོགས་ལ་ཕེབས་ཡོད།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྙན་ཞུ་གནང་ཡོད། ལི་ཁེ་ཆང་གིས། ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ལག་ལེན་བསྟར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ་དང་། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་རེ་བྱེད་པའི་ལས་ཀའི་སྤྱིའི་དམིགས་འབེན་རྒྱུན་འཁྱོངས་བྱས་པ། ཁྱོན་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་པ། ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་ནུས་ལྡན་བཅག་པ། དཔལ་འབྱོར་འཕར་ཚད་མཐོ་འབྲིང་དང་ལུགས་མཐུན་གྱི་བར་མཚམས་སུ་འཁོར་སྐྱོད་ཐུབ་པ་རྒྱུན་འཁྱོངས་བྱས་བཅས་བྱས་པས། གྲུབ་གཞི་ལེགས་སྒྲིག་དང་དབུལ་སྒྲོལ་འགག་གཏོར། དམངས་འཚོ་ལེགས་བཅོས་སོགས་ཐད་འཕེལ་རིམ་གསར་པ་བྱུང་ཡོད། ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་རྗེས་མཐུད་ལག་བསྟར་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ལོ་ལྔ་ཚན་བཅུ་བཞི་པའི་འཕེལ་རྒྱས་ཆེད་རྨང་གཞི་འདིང་དགོས་ཞེས་གསུངས་ཡོད།

ལི་ཁེ་ཆང་གིས། ལོ་ལྔ་ཚན་བཅུ་བཞི་པའི་རིང་ཕྱི་ཕྱོགས་ཁོར་ཡུག་གི་གཏན་འཁེལ་མེད་པའི་རང་བཞིན་དང་འགྲན་རྩོད་དེ་བས་ཆེ་བ་ཡོད་པ་དང་། རང་རྒྱལ་འདི་ཉིད་འཕེལ་རྒྱས་ཐབས་ལམ་བརྗེ་འགྱུར་དང་། དཔལ་འབྱོར་གྲུབ་ཆ་ལེགས་སུ་གཏོང་བ། འཕར་སྣོན་གྱི་སྒུལ་ཤུགས་སྤོ་སྒྱུར་བཅས་ཀྱི་འགག་རྩའི་དུས་སུ་གནས་ཡོད། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་འདིང་བར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རྩའི་རྒྱལ་ཚུལ་དང་འཕེལ་རྒྱས་ཀྱི་དུས་མཚམས་ལ་གཞི་ཚུགས་པ། འཕེལ་རྒྱས་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་ལུགས་མཐུན་གྱི་བར་ཁམས་སུ་འཁོར་རྒྱུག་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་འབུར་དུ་ཐོན་པ་བྱེད་པ། སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། དངོས་ཐོག་བདེན་འཚོལ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ་བཅས་བྱས་ནས། ལོ་ལྔ་ཚན་བཅུ་བཞི་པའི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་འདོན་དགོས། སྲིད་གཞུང་དང་ཁྲོམ་ར་དང་། སྲིད་གཞུང་དང་སྤྱི་ཚོགས་བར་གྱི་འབྲེལ་བ་བཅས་ཁ་གསལ་ཡོང་བ་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། ཐོན་ལས་རིམ་སྤོར་ལ་སྐུལ་འདེད། མི་དམངས་ཀྱི་བདེ་ཚོར་ཆེ་རུ་གཏོང་བ། ཉེན་ཁ་སྔོན་འགོག་དང་ཐག་གཅོད་བྱེད་པ་སོགས་ལ་དམིགས་ཏེ། སྲིད་ཇུས་གལ་ཆེན་དང་། སྒྱུར་བཅོས་སྒོ་དབྱེའི་བྱ་ཐབས་གལ་ཆེན། ལས་གྲྭའི་རྣམ་གྲངས་གལ་ཆེན་བཅས་ཁག་ཅིག་ཞིབ་འཇུག་བྱས་ཏེ་བཏོན་ནས། ལོ་ལྔ་ཚན་བཅུ་བཞི་པའི་འཕེལ་རྒྱས་ཆེད་འདེགས་སྐྱོར་བྱེད་དགོས་ཞེས་གསུངས་གནང་ཡོད།

ལི་ཁེ་ཆང་གིས། སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཀྱི་གཞི་རྩའི་རིག་ལམ་གང་མགྱོགས་ཆགས་པ་བྱེད་པ་དང་། དེའི་རྨང་གཞིའི་ཐོག་ཆེད་དོན་ཞིབ་འཇུག་གལ་ཆེན་བྱེད་པ། ཕྱོགས་ཁག་དང་རིགས་གཅིག་མཁས་པའི་བསམ་འཆར་བསྡུ་ལེན་བྱས་ཏེ་ཇུས་ཤུགས་མཉམ་འདོན་གྱིས་འཆར་འགོད་རྩ་གནད་ཀྱི་འཆར་ཟིན་འགོད་པའི་སྒྲིག་གཞིའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་འདིང་རྒྱུར་ཞིབ་འཇུག་བཀོད་སྒྲིག་བྱེད་པའི་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཧན་ཀྲེང་གྲོས་ཚོགས་ལ་ཞུགས་པ།

སྤྱི་ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་འདིང་རྒྱུར་ཞིབ་འཇུག་བཀོད་སྒྲིག་བྱེད་པའི་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།