ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སློབ་གསོ་པུས་མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆུང་བྱེད་པའི་ཆེད་དོན་བཅོས་སྒྲིག་གི་འཕེལ་རིམ་བརྡ་ཁྱབ་བཏང་བ།

2019-11-26 10:24:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སློབ་གསོ་པུས་སྤྱི་ཚེས་25ཉིན། སྤྱི་ཟླ་11པའི་ཚེས་20ཉིན་བར་སླེབས་སྐབས། རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་832ཀྱི་འོས་འགན་སློབ་གསོའི་དུས་རིམ་ནང་སློབ་བྱོལ་དུ་སོང་བའི་སློབ་མའི་མི་གྲངས་ཐོག་མའི་རྩིས་ཕྲའི་དུས་ཀྱི་ཉིས་འབུམ་དགུ་ཁྲི་ནས་ཉིས་ཁྲི་གསུམ་སྟོང་བར་ཉུང་དུ་ཕྱིན་ནས། སྤྱི་ལོ་2020ལོར་ཁྱོན་ཡོངས་ནས་འོས་འགན་སློབ་གསོ་མངོན་འགྱུར་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

སློབ་གསོ་པུས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་ཕྲུ་གུ་སློབ་བྱོལ་དུ་འགྲོ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཆེད་དོན་བཅོས་སྒྲིག་གིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་གནད་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་ལ་བརྩིས་ཡོད།

གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་འཚོ་བཅུད་ཁ་གསབ་རོགས་དངུལ་འཐེན་འཕྲི་བྱེད་པའི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱ་རྒྱུར་གཞིགས་ནས། སློབ་གསོ་པུའི་སློབ་གསོ་ལྟ་སྐུལ་སློབ་སྟོན་ཁྲུའི་སྐོར་ཞིབ་པ་ཧུ་ཡན་བིན་གྱིས། སློབ་གསོ་པུས་བཀོད་སྒྲིག་ཧུར་ཐག་བྱེད་པ་དང་། ལས་ཀའི་ཇུས་གཞི་བཟོ་བ་བརྒྱུད། གནད་དོན་ཁག་གཅིག་ཞིབ་བཤེར་བཅོས་སྒྲིག་བྱས་པས། ཆེད་དོན་བཅོས་སྒྲིག་ཐད་མངོན་གསལ་དོད་པའི་གྲུབ་འབྲས་ཐོན་ཡོད་ཅེས་ངོ་སྤྲོད་གནང་ཡོད།

གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་ཞག་སྡོད་སློབ་མའི་འཚོ་བའི་ཁ་གསབ་འཐེན་འཕྲི་བྱེད་པའི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱ་རྒྱུར་གཞིགས་ནས། སློབ་གསོ་པུའི་ནོར་དོན་སིའི་སི་ཀྲང་གཞོན་པ་ལིའུ་ཅིང་གིས། སློབ་གསོ་པུས་ཁག་སོ་སོར་ཧྲན་ཞི་དང་། ནང་སོག མཚོ་སྔོན་སོགས་ཞིང་ལྗོངས་སུ་མི་སྣ་མངགས་གཏོང་བྱས་ནས་བརྟག་ཞིབ་བྱས་པའི་རྨང་གཞིའི་ཐོག བརྡ་ཐོ་བཏང་ནས་ས་གནས་ཁག་གིས་གནད་དོན་གི་གསལ་ཐོ་ཞིབ་ཕྲ་དང་དོན་དངོས་དང་མཐུན་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། དུས་ཐོག་ཏུ་གཤམ་སྤྲོད་མ་བྱས་པ་དང་། རྩིས་ཐོ་རྫུན་མ་བསྐྱལ་ནས་ཁ་གསབ་འཐོལ་པ་ལེན་པ། བཙན་འཛིན་གཞན་སྤྱོད། མ་དངུལ་དོམ་དམ་ཚད་དང་མི་མཐུན་པ་སོགས་ཀྱི་གནད་དོན་162དང་། འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་དང་ས་ཡ་དགུ་ཟིན་པ་ཞིབ་བཤེར་རྩད་གཅོད་ཐུབ་པ་དང་། གནད་དོན་138བཅོས་སྒྲིག་བྱས་ཟིན་ཡོད་ཅེས་ངོ་སྤྲོད་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

中央广播电视总台 央广网 版权所有

སློབ་གསོ་པུས་མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆུང་བྱེད་པའི་ཆེད་དོན་བཅོས་སྒྲིག་གི་འཕེལ་རིམ་བརྡ་ཁྱབ་བཏང་བ།

སློབ་གསོ་པུས་སྤྱི་ཚེས་25ཉིན། སྤྱི་ཟླ་11པའི་ཚེས་20ཉིན་བར་སླེབས་སྐབས། རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་832ཀྱི་འོས་འགན་སློབ་གསོའི་དུས་རིམ་ནང་སློབ་བྱོལ་དུ་སོང་བའི་སློབ་མའི་མི་གྲངས་ཐོག་མའི་རྩིས་ཕྲའི་དུས་ཀྱི་ཉིས་འབུམ་དགུ་ཁྲི་ནས་ཉིས་ཁྲི་གསུམ་སྟོང་བར་ཉུང་དུ་ཕྱིན་ནས། སྤྱི་ལོ་2020ལོར་ཁྱོན་ཡོངས་ནས་འོས་འགན་སློབ་གསོ་མངོན་འགྱུར་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།