ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་ཞིབ་བྱས་པ་བརྒྱུད་ཧོ་པེ་དང་ཧྲན་ཞི་ཡི་ས་གནས་ཁ་ཤས་ཀྱིས་དྲོད་མཁོ་འདོན་འགན་སྲུང་བྱེད་པའི་ཐད་དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བསགས་པ་ཤེས་རྟོགས་ཐུབ་པ།

2019-11-26 10:22:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འབྲེལ་དྲ་བའི་ཐོག་ལྟ་ཞིབ་སྣོན་པའི་སྟེགས་བུའི་ཐོག་མང་ཚོགས་ནས་བསམ་འཆར་ཆེ་བའི་དགུན་དུས་དྲོད་ལེན་གནད་དོན་ལ་གཞིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ལྟ་བཤེར་ཁང་གིས་ཉེ་ཆར་ཧོ་པེ་ཞིང་ཆེན་དང་། ཧྲན་ཞི་ཞིང་ཆེན་གྱི་འབྲེལ་ཡོད་ས་གནས་སུ་མངོན་བཤེར་ལྐོག་ཞིབ་བྱེད་མཁན་མངགས་གཏོང་བྱས་ཡོད། ལྟ་ཞིབ་བྱས་པ་ལས་ཤེས་རྟོགས་ཐུབ་བར། ཧོ་པེ་ཞིང་ཆེན་དང་། ཧྲན་ཞི་ཞིང་ཆེན་གྱི་ས་གནས་དང་ཚན་པ་ཁ་ཤས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་རྡོག་རོལ་དུ་བཏང་ནས་དགོས་པའི་ལས་མ་བྱས་པར་མི་དགོས་པའི་ལས་རྙོག་བཟོས་པ་དང་། ཁས་ལེན་བྱས་པ་ལག་ལེན་བསྟར་མེད་པས། མང་ཚོགས་ཚོ་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་རྒྱུ་འགན་སྲུང་ཐུབ་མེད། ཚེས་25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ལྟ་ཞིབ་ཁང་གིས། ཧོ་པེ་དང་ཧྲན་ཞི་སོགས་ས་ཁུལ་དུ་ལྟ་སྐུལ་ཞིབ་བཤེར་བྱས་པ་ལས་ཤེས་རྟོགས་བྱུང་བའི་གནད་དོན་དེ་དག་གི་ཐོག་ནས། ས་གནས་དང་ཚན་པ་ཁག་གཅིག་གི་ཆབ་སྲིད་གནས་ཚད་མཐོ་པོ་མེད་པ་དང་། དམིགས་ཡུལ་གྱི་འདུ་ཤེས་ཞན་པ། མང་ཚོགས་ཚོ་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་བའི་གནད་དོན་དེ་སེམས་ལ་བཞག་མེད་པ་བཅས་ཀྱི་ངོས་འཛིན་བྱས་ཡོད། དེ་ཡང་གཅིག་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དྲོད་མཁོ་འདོན་གྱི་འགན་ལེན་བྱ་རྒྱུའི་ཐད་ཀྱི་ལས་དོན་ལ་དམ་འཛིན་ནན་ཏན་བྱས་ནས། མང་ཚོགས་ཚོ་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་ཐུབ་པ་བྱ་རྒྱུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་ངོས་འཛིན་གནད་ལ་མི་འཁེལ་བ་དང་། དོན་འཁྱོལ་མཐར་ཕྱིན་པ་བྱུང་མེད་པ། བྱེད་པོའི་འགན་འཁྲི་ཏན་ཏིག་བསྒྲུབས་མེད་པ་བཅས་དང་། གཉིས་ནི། ལོ་མང་རིང་ཁས་ལེན་བྱས་པ་དོན་འཁྱོལ་མ་བྱས་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བ། གསུམ་ནི། སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་པ་དེ་གང་བྱུང་བེད་སྤྱོད་བྱས་ནས་ལས་དོན་གང་བྱུང་སྤེལ་བ་དང་། ཁེ་ལས་དང་ལྐོག་འབྲེལ་དང་མི་བདེན་རྫུན་སྒྲིག་བྱས་པས། ཏང་དང་སྲིད་གཞུང་གི་གཟུགས་བརྙན་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ། བཞི་ནི། རྩིས་སྤྲོད་དང་གཡོ་སྒྱུའི་བརྒྱུད་རིམ་ཁྲོད་ཐོན་པའི་གནད་དོན་ལ་ལྟ་ཞིབ་མི་འདང་བ་དང་དོ་དམ་མི་འདང་བ། དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བསགས་ཡོད། གོམ་སྟབས་རྗེས་མར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ལྟ་ཞིབ་ཁང་གིས་འབྲེལ་ཡོད་ལས་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་མུ་མཐུད་དོ་ཁུར་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་གནད་དོན་བཅོས་སྒྲིག་གནད་ལ་འཁེལ་བ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

中央广播电视总台 央广网 版权所有

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་ཞིབ་བྱས་པ་བརྒྱུད་ཧོ་པེ་དང་ཧྲན་ཞི་ཡི་ས་གནས་ཁ་ཤས་ཀྱིས་དྲོད་མཁོ་འདོན་འགན་སྲུང་བྱེད་པའི་ཐད་དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བསགས་པ་ཤེས་རྟོགས་ཐུབ་པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འབྲེལ་དྲ་བའི་ཐོག་ལྟ་ཞིབ་སྣོན་པའི་སྟེགས་བུའི་ཐོག་མང་ཚོགས་ནས་བསམ་འཆར་ཆེ་བའི་དགུན་དུས་དྲོད་ལེན་གནད་དོན་ལ་གཞིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ལྟ་བཤེར་ཁང་གིས་ཉེ་ཆར་ཧོ་པེ་ཞིང་ཆེན་དང་།