ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སྤྱི་ལོ་༢༠༢༢ལོར་སླེབས་སྐབས་རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་དུང་ཕྱུར་༡༠སྦོལ་ནས། འབྲུ་རིགས་ཐོན་འབབ་བརྟན་པོའི་ངང་རྒྱལ་ཡོངས་ཐོན་འབབ་ཡོངས་ཀྱི་༨༠%སླེབས་པ་བྱ་རྒྱུ།

2019-11-26 10:20:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༥ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྲིད་ཇུས་ཀྱི་འཆར་ཅན་ཟུར་གསལ་ཚོགས་འདུ་འཚོགས་ནས། ༼ཚད་གཞི་མཐོ་བའི་ཞིང་ཁ་སྦོལ་བར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་༽ཞེས་པར་འགྲེལ་བཤད་བརྒྱབ་ཡོད། སྤྱི་ལོ་༢༠༢༢ལོར་སླེབས་སྐབས། རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་དུང་ཕྱུར་༡༠སྦོལ་ནས། འབྲུ་རིགས་ཐོན་འབབ་བརྟན་པོའི་ངང་རྒྱལ་ཡོངས་འབྲུ་རིགས་ཐོན་འབབ་ཀྱི་༨༠%ཟིན་པ་བྱ་རྒྱུ་དང་། རྒྱལ་ཁབ་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ཐད་རྨང་གཞིའི་འདེགས་སྐྱོར་ནུས་པ་ཐོན་པ་བྱ་རྒྱུ་ཡིན་པ་རེད།

རང་རྒྱལ་དུ་མི་མང་ལ་ས་ཞིང་ཉུང་བ་དང་། རྨོ་ཞིང་རྒྱ་ཁྱོན་ཅུང་མི་འདང་བའི་འགལ་ཟླ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས་ངེས་པར་དུ་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བའི་སྒོ་ནས་རྨོ་ཞིང་བེད་སྤྱོད་གཏོང་བ་དང་། འབྲུ་རིགས་ཀྱི་ཐོན་ནུས་ཆེ་རུ་གཏོང་བ། འབྲུ་རིགས་གཞི་རྩའི་ཆ་ནས་རང་ཁ་རང་གསོ་ཐུབ་པ། བཟའ་འབྲུ་བལྟོས་མེད་དུ་བརྟན་པོ་ཡོང་བ་བཅས་བྱས་ཏེ། འབྲུ་རིགས་ཀྱི་ཐོན་འབབ་དེ་ཉིད་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། ས་གནས་ཁག་གི་ལག་ལེན་ཐོག་ནས་བལྟས་ན། ཚད་གཞི་མཐོ་བའི་ཞིང་ཁ་སྦོལ་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཞན་པའི་གནས་ཚུལ་རྩ་བའི་ཆ་ནས་འགྱུར་ལྡོག་ཕྱིན་མེད། ད་ལྟའི་དུས་མཚམས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁ་སྦོལ་བའི་ལས་དོན་ཐད་ད་དུང་གཞི་གྲངས་གསལ་པོ་མེད་པ་དང་སྤུས་ཚད་ཧེ་བག་སོགས་ཀྱི་གནད་དོན་ལྷག་ཡོད། ༼བསམ་འཆར་༽ནང་གཅིག་སྡུད་གཅིག་གྱུར་དང་ཕན་འབྲས་ཆེ་བའི་དོ་དམ་སྒྲིག་སྲོལ་གསར་པ་འཛུགས་དགོས་པའི་བླང་བྱ་བཏོན་ཡོད།

མིག་སྔར་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཚད་གཞི་མཐོ་བའི་ཞིང་ཁ་སྦོལ་བའི་གནས་ཚུལ་ལ་དཔྱད་དཔོག་བྱས་ནས་གཞི་གྲངས་སྔར་བས་གསལ་རྟོགས་ཐུབ་པ་དང་། དེའི་རྨང་གཞིའི་སྟེང་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རེས་སྐོར་གསར་པའི་འཆར་འགོད་བཟོ་བཞིན་ཡོད་པ་རེད།

སྤྱི་ལོ་༢༠༡༩ལོར། ཀྲུང་དབྱང་གིས་ཚད་གཞི་མཐོ་བའི་ཞིང་ཁ་སྦོལ་བའི་མ་དངུལ་སྒོར་དུང་ཕྱུར་༨༥༩བཀོད་སྒྲིག་གནང་ཡོད། འདི་ལོའི་སྤྱི་ཟླ་༡༠པར། ཀྲུང་དབྱང་ནོར་སྲིད་ཀྱིས་སྤྱི་ལོ་༢༠༢༠ལོའི་ཞིང་ཁ་སྦོལ་བའི་ཁ་གསབ་མ་དངུལ་སྔོན་རྩིས་ལྟར་སྒོར་དུང་ཕྱུར་༦༡༦སྔ་སྣུར་དུ་གཤམ་སྤྲོད་བྱས་ཟིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

中央广播电视总台 央广网 版权所有

སྤྱི་ལོ་༢༠༢༢ལོར་སླེབས་སྐབས་རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་དུང་ཕྱུར་༡༠སྦོལ་ནས། འབྲུ་རིགས་ཐོན་འབབ་བརྟན་པོའི་ངང་རྒྱལ་ཡོངས་ཐོན་འབབ་ཡོངས་ཀྱི་༨༠%སླེབས་པ་བྱ་རྒྱུ།

སྤྱི་ཚེས་༢༥ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྲིད་ཇུས་ཀྱི་འཆར་ཅན་ཟུར་གསལ་ཚོགས་འདུ་འཚོགས་ནས། ༼ཚད་གཞི་མཐོ་བའི་ཞིང་ཁ་སྦོལ་བར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་༽ཞེས་པར་འགྲེལ་བཤད་བརྒྱབ་ཡོད། སྤྱི་ལོ་༢༠༢༢ལོར་སླེབས་སྐབས། རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་དུང་ཕྱུར་༡༠སྦོལ་ནས།