ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུད་ཀྱིས། ད་ལོའི་སྤྱི་ཟླ་༡༠པར། རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རའི་སྤྱིའི་ཚོང་འགྲིག་ཚད་སྒོར་དུང་ཕྱུར་ཆིག་འབུམ་གསུམ་ཁྲི་ལྔ་སྟོང་དྲུག་བརྒྱ་ཟིན་ཡོད་ཅེས་བསྟན་པ།

2019-11-26 10:19:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུད་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་སྤྱི་ཟླ་༡༠པར། རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རའི་སྤྱིའི་ཚོང་འགྲིག་ཚད་སྒོར་དུང་ཕྱུར་ཆིག་འབུམ་གསུམ་ཁྲི་ལྔ་སྟོང་དྲུག་བརྒྱ་ཟིན་ཡོད། དེའི་ཁྲོད། དངུལ་ཁང་དང་སྤྱོད་མཁན་བར་གྱི་ཁྲོམ་རའི་ཚོང་འགྲིག་ཚད་དེ་སྒོར་དུང་ཕྱུར་ཉིས་ཁྲི་ཆིག་སྟོང་ལྔ་བརྒྱ་ཟིན་པ་དང་། དངུལ་ཁང་བར་གྱི་ཁྲོམ་རའི་ཚོང་འགྲིག་ཚད་དེ་སྒོར་དུང་ཕྱུར་ཆིག་འབུམ་ཆིག་ཁྲི་བཞི་སྟོང་ཉིས་བརྒྱ་ཟིན་པ། དུས་འཕྲལ་ཁྲོམ་རའི་རིམ་རྩིས་ཚོང་འགྲིག་ཚད་སྒོར་དུང་ཕྱུར་ལྔ་ཁྲི་དགུ་སྟོང་སུམ་བརྒྱ་ཟིན་པ། ཟུར་བྱུང་དངོས་པོའི་ཁྲོམ་རའི་རིམ་རྩིས་ཚོང་འགྲིག་ཚད་སྒོར་དུང་ཕྱུར་བདུན་ཁྲི་དྲུག་སྟོང་སུམ་བརྒྱ་ཟིན་ཡོད། སྤྱི་ཟླ་༡ནས་སྤྱི་ཟླ་༡༠པའི་བར། རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རར་རིམ་རྩིས་བྱས་ན་ཚོང་འགྲིག་ཚད་སྒོར་དུང་ཕྱུར་ས་ཡ་གཅིག་དང་དྲུག་འབུམ་བདུན་ཁྲི་སུམ་སྟོང་བརྒྱད་བརྒྱ་ཟིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

中央广播电视总台 央广网 版权所有

རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུད་ཀྱིས། ད་ལོའི་སྤྱི་ཟླ་༡༠པར། རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རའི་སྤྱིའི་ཚོང་འགྲིག་ཚད་སྒོར་དུང་ཕྱུར་ཆིག་འབུམ་གསུམ་ཁྲི་ལྔ་སྟོང་དྲུག་བརྒྱ་ཟིན་ཡོད་ཅེས་བསྟན་པ།

ཉིན་ཤས་གོང་། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུད་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་སྤྱི་ཟླ་༡༠པར། རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རའི་སྤྱིའི་ཚོང་འགྲིག་ཚད་སྒོར་དུང་ཕྱུར་ཆིག་འབུམ་གསུམ་ཁྲི་ལྔ་སྟོང་དྲུག་བརྒྱ་ཟིན་ཡོད། དེའི་ཁྲོད།