ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

འབད་འཐབ་ཀྱི་འགྲུལ་ལམ་སྟེང་ཉི་འོད་རབ་ཏུ་འཕྲོ་བ་སྟེ། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱིས་མི་དམངས་མཁའ་དམག་འཛུགས་སྐྱོང་འཕེལ་རྒྱས་ལ་དོ་ཁུར་བྱས་པའི་དངོས་བྲིས་ཞེས་པའི་རྒྱས་འཕྲིན་སྤེལ་བ།

2019-11-08 15:22:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གིས་འགོ་བརྗོད་དུ་《འབད་འཐབ་ཀྱི་འགྲུལ་ལམ་སྟེང་ཉི་འོད་རབ་ཏུ་འཕྲོ་བ་སྟེ། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱིས་མི་དམངས་མཁའ་དམག་འཛུགས་སྐྱོང་འཕེལ་རྒྱས་ལ་དོ་ཁུར་བྱས་པ་དངོས་བྲིས》ཞེས་འཁོད་པའི་རྒྱས་འཕྲིན་སྤེལ་བ།

སྤྱི་ཚེས་7ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་འགོ་བརྗོད་དུ་ 《འབད་འཐབ་ཀྱི་འགྲུལ་ལམ་སྟེང་ཉི་འོད་རབ་ཏུ་འཕྲོ་བ་སྟེ། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱིས་མི་དམངས་མཁའ་དམག་འཛུགས་སྐྱོང་འཕེལ་རྒྱས་ལ་དོ་ཁུར་བྱས་པ་དངོས་བྲིས》ཞེས་འཁོད་པའི་རྒྱས་འཕྲིན་ཞིག་སྤེལ་ཡོད། རྩོམ་ཡིག་ནང་། མི་དམངས་མཁའ་དམག་དེ་གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ་ཐོན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དངོས་སུ་བཙུགས་པ། ཁྲག་དང་མེ་ཡི་ཉམས་སད་ཁྲོད་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད། ལོ་70ཡི་རིང་། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་དམངས་མཁའ་དམག་གི་རྒྱ་ཆེའི་དཔོན་དམག་ཚོས་མཁའ་དབྱིངས་སུ་འབད་འཐབ་དང་ཕུགས་འདུན་དོན་གཉེར་བྱས་ཏེ། དེང་རབས་ཅན་གྱི་མི་དམངས་མཁའ་དམག་སྟོབས་ཆེན་ཞིག་གང་མགྱོགས་འཛུགས་རྒྱུའི་འཆར་བཀོད་ལྟར་མདུན་ཕྱོགས་སུ་བསྐྱོད་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་རྒྱུའི་འཐབ་ཇུས་མཐོ་ཚད་ཐོག་ནས། ནམ་མཁའ་དང་བར་སྣང་ཁམས་གཞི་གཅིག་ཅན་དང་། ཕར་རྒོལ་དང་འགོག་སྲུང་གཉིས་ལྡན་གྱི་སྟོབས་ཆེའི་མི་དམངས་མཁའ་དམག་གང་མགྱོགས་འཛུགས་སྐྱོང་བྱེད་དགོས་པའི་རླབས་ཆེའི་འབོད་སྐུལ་གནང་བ་དང་། མི་དམངས་མཁའ་དམག་འཛུགས་སྐྱོང་དང་ཡུན་རིང་གོང་འཕེལ་དང་འབྲེལ་བའི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་གནང་ཡོད། མི་དམངས་མཁའ་དམག་གིས་འགོ་འཛུགས་ས་གསར་པའི་ཐོག་ནས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་ཡོད།

ལོ་70ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་སྐྱོད་པའི་མི་དམངས་མཁའ་དམག་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་སྣེ་ཁྲིད་འོག དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་འདུ་ཤེས་དང་། རང་འགན་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁུར་ཕོད་པའི་སྙིང་སྟོབས། ནམ་མཁའ་དང་བར་སྣང་ཁམས་ལ་འཐབ་པའི་བློ་སྟོབས་བཅས་ཀྱི་ཐོག་ནས། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། འབད་འཐབ་ལྷོད་མེད་ཀྱིས་རྒྱལ་ཁ་ལེན་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། ཏང་དང་མི་དམངས་ཀྱི་ཆེད་དུ་མེས་རྒྱལ་གྱི་གནམ་སྔོན་པོ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད་ཅེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

中央广播电视总台 央广网 版权所有

འབད་འཐབ་ཀྱི་འགྲུལ་ལམ་སྟེང་ཉི་འོད་རབ་ཏུ་འཕྲོ་བ་སྟེ། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱིས་མི་དམངས་མཁའ་དམག་འཛུགས་སྐྱོང་འཕེལ་རྒྱས་ལ་དོ་ཁུར་བྱས་པའི་དངོས་བྲིས་ཞེས་པའི་རྒྱས་འཕྲིན་སྤེལ་བ།

སྤྱི་ཚེས་7ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་འགོ་བརྗོད་དུ་ 《འབད་འཐབ་ཀྱི་འགྲུལ་ལམ་སྟེང་ཉི་འོད་རབ་ཏུ་འཕྲོ་བ་སྟེ། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱིས་མི་དམངས་མཁའ་དམག་འཛུགས་སྐྱོང་འཕེལ་རྒྱས་ལ་དོ་ཁུར་བྱས་པ་དངོས་བྲིས》ཞེས་འཁོད་པའི་རྒྱས་འཕྲིན་ཞིག་སྤེལ་ཡོད། རྩོམ་ཡིག་ནང་། མི་དམངས་མཁའ་དམག་དེ་གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ་ཐོན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དངོས་