ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་དབྱང་དྲིལ་བསྒྲགས་པུས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ་ས་གནས་ཁག་ཏུ་སྒྲོག་འགྲེལ་བྱས་པ།

2019-11-08 15:21:00     责编:sangjzm

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་འཕྱུར་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་གིས་ཀྲུང་དབྱང་དྲིལ་བསྒྲགས་པུས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཀྲུང་དབྱང་སྒྲོག་འགྲིལ་ཚོགས་པ་འཛུགས་རྒྱུའི་ཐག་བཅད་གནང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྒྲོག་འགྲིལ་ཚོགས་པ་དེ་གཙོ་བོ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཡིག་ཆའི་འཆར་ཟིན་འགོད་པའི་ལས་དོན་ནང་ཞུགས་མཁན་འབྲེལ་ཡོད་བློ་མཐུན་ལས་གྲུབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཁག་གཅིག་གིས་རང་ཉིད་གནས་སའི་ཁྱབ་ཁོངས་དང་ས་གནས་སུ་སྒྲོག་འགྲེལ་བྱ་རྒྱུ་ཡིན་པ་རེད།

ཚེས་7ཉིན་ནས་བཟུང་། ཀྲུང་དབྱང་སྒྲོག་འགྲིལ་ཚོགས་པའི་ཁོངས་མི་པེ་ཅིང་དུ་ཐུན་མོང་ཐོག་སློབ་ཁྲིད་གྲ་སྒྲིག་བྱས་ཡོད་པ་དང་། ཀྲུང་དབྱང་སྒྲོག་འགྲིལ་ཚོགས་པས་ཚེས་10ཉིན་ནས་བཟུང་རྒྱལ་ཡོངས་ས་གནས་ཁག་ཏུ་སྐྱོད་དེ་སྒྲོག་འགྲེལ་བྱེད་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

中央广播电视总台 央广网 版权所有

ཀྲུང་དབྱང་དྲིལ་བསྒྲགས་པུས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ་ས་གནས་ཁག་ཏུ་སྒྲོག་འགྲེལ་བྱས་པ།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་འཕྱུར་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་གིས་ཀྲུང་དབྱང་དྲིལ་བསྒྲགས་པུས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཀྲུང་དབྱང་སྒྲོག་འགྲིལ་ཚོགས་པ་འཛུགས་རྒྱུའི་ཐག་བཅད་གནང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྒྲོག་འགྲིལ་ཚོགས་པ་དེ་གཙོ་བོ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་