ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པའི་འགྲེམས་སྟོན་དང་ངོ་འཕྲད་གྲོས་མོལ་གྱི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ།

2019-11-08 15:19:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པའི་འགྲེམས་སྟོན་དང་ངོ་འཕྲད་གྲོས་མོལ་གྱི་བྱེད་སྒོ་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། འགྲེམས་རྫས་ཐོན་རྫས་ལ་འགྱུར་ནས་ཀྲུང་གོའི་ཁྲོམ་རར་ཞུགས་པ་དེས་བཟོ་གྲྭ་དང་ཚོང་པ་མང་པོ་ཞིག་གིས་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པར་ཧུར་ཐག་ངང་ཞུགས་ཡོད་པ་རེད།

ད་ཆ་ལག་ཐོགས་ཁ་པར་ཐོག་ནས་ཅ་དངོས་ཉོས་ཚེ། སིལ་ཚོང་སྟེགས་བུ་ཧོ་མ་ཡིས་ཧྥ་ལུའོ་གླིང་ཚོམ་གྱི་ཉ་སན་ཝུན་སྒོ་འགྲམ་དུ་སྐྱེལ་གྱི་ཡོད། ཧོ་མ་སྤྱི་སྟེགས་དང་མཁོ་མཁན་འབྲེལ་གཏུག་པུའུ་ཡི་ལི་ནན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། མཉམ་ལས་དེ་ནི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་དང་པོ་ནས་འགོ་ཚུགས་པ་ཞིག་ཡིན་པ་རེད།

ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པའི་ཐོག ཧོ་མ་ཡིས་དབྱི་ཐ་ལིའི་བར་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆོད་ལ་མིང་རྟགས་བཀོད་པ་དང་། ནེའུ་ཙི་ལན་སོགས་རྒྱལ་ཁབ་ཀྱི་ནང་འདྲེན་ཚོང་པས་ཀྱང་ཧོ་མ་དང་གན་རྒྱ་བཞག་ཡོད་པ་རེད།

ན་ནིང་ནང་འདྲེན་དངོས་མང་འགྲེམས་ཚོགས་ཐོག མེ་ཏུན་ལིས་འཛམ་གླིང་ཐོག་གི་འདྲེན་སྐུད་མེད་པའི་སྙིང་འཕར་སྐུལ་ཆས་ཆུང་ཤོས་ཤིག་འཁྱེར་ཡོད། འདི་ལོའི་སྤྱི་ཟླ་6པར། རྒྱལ་ནང་གི་ཁྲོམ་རར་སྟོན་རྒྱུར་དངོས་སུ་ཆོག་མཆན་ཐོབ་ཡོད་པ་རེད།

ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པའི་སྨན་བཅོས་ཡོ་བྱད་དང་དེ་བཞིན་སྨན་བཅོས་འཕྲོད་སྦྱོར་འགྲེམས་ཁུལ་གྱི་འགན་འཁུར་བ་ཝུའུ་ཅུན་གྱིས། འགྲེམས་སྟོན་ཚོང་པ་ཚོས་ནུས་ཤུགས་ཡོད་རྒུས་ཆེས་སྔོན་ཐོན་གྱི་ཐོན་རྫས་དང་ལག་རྩལ་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པའི་སྟེགས་བུའི་ཐོག་འཁྱེར་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པའི་མྱོང་ཚོར་བྱུང་ཞེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

中央广播电视总台 央广网 版权所有