ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཤང་ཀང་ལས་རིགས་ཁག་གིས་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་གྲོས་མི་ཧོ་ཅུན་ཡའོ་ལ་འཇབ་རྒོལ་ཕོག་པའི་དོན་རྐྱེན་ཐད་ཁ་རྡུང་དྲག་པོ་བཏང་ནས། ཁྲིམས་ལྟར་གཏུམ་སྤྱོད་བྱེད་སྒོར་ཆད་པ་སྤྱོད་དགོས་པའི་རེ་འབོད་བྱས་པ།

2019-11-08 15:09:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཤང་ཀང་ཁྲིམས་འཛུགས་ཁང་གི་གྲོས་མི། ཐུན་མོན་ཆུས་གྲོས་ཚོགས་ཁང་གི་གྲོས་མིའི་འདེམས་བསྐོའི་ནང་ཞུགས་མཁན་ཧོ་ཅུན་ཡའོ་ལ་འཇབ་རྒོལ་ཕོག་ནས་རྨས་སྐྱོན་བྱུང་བའི་དོན་རྐྱེན་ལ་དམིགས་ཏེ། ཤང་ཀང་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་ཁ་རྡུང་དྲག་པོ་བཏང་ནས་འདེམས་བསྐོ་གཞུང་དྲང་དྲང་བདེན། བདེ་འཇགས་བཅས་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས་པ་དང་། ཁྲིམས་ལྟར་གཏུམ་སྤྱོད་བྱེད་སྒོ་བཀག་འགོག་དང་ཆད་པ་ནན་པོ་སྤྱོད་དགོས་པའི་རེད་འབོད་བྱས་ཡོད།

ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཤང་ཀང་ཁྲིམས་འཛུགས་ཁང་གི་གྲོས་མི། ཐུན་མོན་ཆུས་གྲོས་ཚོགས་ཁང་གི་གྲོས་མིའི་འདེམས་བསྐོའི་ནང་ཞུགས་མཁན་ཧོ་ཅུན་ཡའོ་སྤྱི་ཚེས་6ཉིན་ཐུན་མོན་ཆི་ཧྥེང་ཁྲོམ་རའི་ཕྱི་རོལ་དུ་འགྲན་འདེམས་བྱེད་སྒོའི་ནང་ཞུགས་སྐབས་འཇབ་རྒོལ་ཕོག་ནས་རྨས་སྐྱོན་བཟོས་ཡོད། ལག་དམར་བ་ས་ཡུལ་དངོས་ནས་འཛིན་བཟུང་བྱས་པ་དང་། ཧོ་ཅུན་ཡའོ་ཡི་དྲན་ཤེས་གསལ་པོ་ཡོད་པས་ཐུན་མོན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད།

སྤྱི་ཚེས་6ཉིན། ཤང་ཀང་དམིགས་བསལ་ཁུལ་སྲིད་གཞུང་གི་མགྲིན་ཚབ་པས་འཇབ་རྒོལ་བྱ་སྤྱོད་སྤེལ་མཁན་ལ་ཁ་རྡུང་དྲག་པོ་བཏང་ཡོད། མགྲིན་ཚབ་པས། ཤང་ཀང་ནི་སྔར་ནས་བཟུང་སྣ་མང་དང་ཁོག་ཡངས་ཀྱི་སྤྱི་ཚོགས་ཤིག་ཡིན་པས་གྲོང་མིས་བསམ་འཆར་འདོན་སྐབས་ཞི་བདེ་སྟངས་འཛིན་དང་ཕན་ཚུན་བརྩི་འཇོག་བྱེད་དགོས། སྲིད་གཞུང་ནས་ཀྱང་གཏུམ་སྤྱོད་ཀྱི་བྱ་སྤྱོད་ཐ་དག་ལ་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་པ་དང། ཉེན་རྟོག་ཕྱོགས་ཀྱིས་མུ་མཐུད་ཁྲིམས་འཛིན་ནན་པོ་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་ཡོང་བར་འགན་སྲུང་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

སྤྱི་ཚེས་7ཉིན་གྱི་ཕྱི་དྲོ། ཤང་ཀང་ཅན་ཀྲི་ཤོག་ཁག་གི་ཚོགས་པ་ཁག་ཁྲོམ་གཞུང་དུ་བསྐྱོད་ནས་ཆུས་གྲོས་ཚོགས་ཁང་གི་འདེམས་བསྐོའི་ནང་ཞུགས་མཁན་མི་སྣར་གཏུམ་སྤྱོད་ཀྱི་འཇབ་རྒོལ་ཕོག་པར་ཁ་རྡུང་དྲག་པོ་བཏང་བ་དང་། དམིགས་བསལ་ཁུལ་སྲིད་གཞུང་དང་ཉེན་རྟོག་ཕྱོགས་ཀྱིས་སྤྱོད་གོ་ཆོད་པའི་བྱ་ཐབས་ཐ་དག་བཟུང་སྟེ། འོས་མི་དང་འོས་ལས་སྒྲུབ་མཁན། རྒྱབ་སྐྱོར་བྱེད་མཁན་བཅས་ཀྱི་མི་ལུས་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་མ་ཟད། འདེམས་བསྐོའི་བདེ་འཇགས་དང་གཞུང་དྲང་ཡོང་བ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཤང་ཀང་ཁྲིམས་ལུགས་རིག་པའི་སྤེལ་རེས་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་རྒན་ཆེ་མོ་བ་ཧྥུ་ཅན་ཚི་ཡིས། འདི་ནི་སྒྲིག་འཛུགས་ཡོད་པ་དང་འཆར་གཞི་ཡོད་པ། ངན་ཇུས་ཡོད་པ་བཅས་ཀྱི་འཇབ་རྒོལ་བྱ་སྤྱོད་གཅིག་རེད། ང་རང་ནས་ཤང་ཀང་ཡོངས་ཀྱི་གྲོང་མི་ཚོས་ངེས་པར་དུ་གཏུམ་སྤྱོད་དང་གཏུམ་སྤྱོད་པར་ངོ་རྒོལ་བྱ་རྒྱུ་དང་། ་ ང་ཚོས་ནུས་ཤུགས་ཡོད་རྒུས་དམིགས་བསལ་ཁུལ་སྲིད་གཞུང་ནས་ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཉེན་རྟོག་པས་ཁྲིམས་འཛིན་ནན་ཏན་བྱེད་པ། ཁྲིམས་ཁང་གིས་གཞུང་དྲང་སྒོ་ནས་ཁྲིམས་འཛིན་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པ་བྱེད་དགོས་པའི་རེ་འབོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

ཤང་ཀང་ཁྲིམས་འཛུགས་ཚོགས་པའི་གྲོས་མི་མ་ཧྥེང་གོ་ཡིས། དོན་དངོས་ཐོག་ ཤང་ཀང་གི་གཏུམ་སྤྱོད་བྱ་སྤྱོད་དེ་མིས་རྐང་བཙུགས་ནས་ཇུས་འགོད་བྱས་པ་ཞིག་ཡིན་པ་དང་། མི་གཞན་ལ་འཇིགས་སྣང་སྐུལ་བའི་ཕན་ནུས་ཐོན་པ་བྱ་ཆེད་རེད། ཡིན་ནའང་གནོད་འཚེ་ཆེ་ཤོས་ནི་ཚང་མས་གང་ཡང་ཤོད་མི་ཕོད་པས་ང་ཚོའི་གཞུང་དྲང་དྲང་བདེན་མངོན་མི་ཐུབ་པ་དང་། ཁྲིམས་སྐྱོང་ཡག་པོ་བྱ་མི་ཐུབ་པ་དེ་ཡིན་ཞེས་བསྟན་ཡོད་པ་རེད།

ཤང་ཀང་ཁྲིམས་འཛུགས་ཚོགས་པའི་གྲོས་མི། ཤང་ཀང་བཟོ་ཚོགས་མཉམ་འབྲེལ་ཚོགས་པའི་ལས་འཛིན་དཔོན་གཞོན་པ་མའེ་མེའི་ཅོན་གྱིས། ངའི་བསམ་པར་གལ་ཏེ་ང་ཚོའི་ཤང་ཀང་གི་གྲོང་མི་ཚང་མས་ཤང་ཀང་གི་མདུན་ལམ་ང་ཚོ་རང་ཉིད་ཀྱི་ལག་ནང་མེད་པར་འགྱུར་བ་བྱ་འདོད་མེད་ཚེ། ཚང་མས་མཉམ་དུ་གཏུམ་སྤྱོད་ལ་ཁ་རྡུང་གཏོང་དགོས་པ་མ་ཟད། གཏུམ་སྤྱོད་ལ་ངོ་རྒོལ་བྱེད་དགོས་ལ་ཉེན་རྟོག་པས་ཀྱང་ཁྲིམས་ལྟར་ཁྲིམས་འཛིན་བྱ་རྒྱུ་དང་། འབྲེལ་ཡོད་མི་ངན་ཁྲིམས་ལ་སྦྱོར་ཐུབ་པའི་རེ་བ་ཡང་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ཤང་ཀང་ལས་རིགས་ཁག་གིས་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་གྲོས་མི་ཧོ་ཅུན་ཡའོ་ལ་འཇབ་རྒོལ་ཕོག་པའི་དོན་རྐྱེན་ཐད་ཁ་རྡུང་དྲག་པོ་བཏང་ནས། ཁྲིམས་ལྟར་གཏུམ་སྤྱོད་བྱེད་སྒོར་ཆད་པ་སྤྱོད་དགོས་པའི་རེ་འབོད་བྱས་པ།

ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཤང་ཀང་ཁྲིམས་འཛུགས་ཁང་གི་གྲོས་མི། ཐུན་མོན་ཆུས་གྲོས་ཚོགས་ཁང་གི་གྲོས་མིའི་འདེམས་བསྐོའི་ནང་ཞུགས་མཁན་ཧོ་ཅུན་ཡའོ་སྤྱི་ཚེས་6ཉིན་ཐུན་མོན་ཆི་ཧྥེང་ཁྲོམ་རའི་ཕྱི་རོལ་དུ་འགྲན་འདེམས་བྱེད་སྒོའི་ནང་ཞུགས་སྐབས་འཇབ་རྒོལ་ཕོག་ནས་རྨས་སྐྱོན་བཟོས་ཡོད། ལག་དམར་བ་ས་ཡུལ་དངོས་ནས་འཛིན་བཟུང་བྱས་པ་དང་། ཧོ་ཅུན་ཡའོ་ཡི་དྲན་ཤེས་གསལ་པོ་ཡོད་པས་ཐུན་མོན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད།