ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཧྥུའུ་ཏན་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་12སློབ་མཚམས་འཇོག་རྒྱུ་བྱས།

2019-11-08 14:45:00     责编:sangjzm

མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན། ཧྥུའུ་ཏན་སློབ་ཆེན་གྱི་གཞུང་གི་དྲ་ཚིགས་ལས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར། ཧྥུའུ་ཏན་སློབ་ཆེན་གྱིས་《2019-2020ལོའི་སློབ་ཡུན་ལོ་གཅིག་གི་སློབ་སྐབས་དང་པོའི་ཞིབ་འཇུག་སློབ་མ་སློབ་མཚམས་འཇོག་དགོས་པའི་གྲོས་ཆོད་སྤྱི་བསྒྲགས(ཁག་དང་པོ)》སྤེལ་ཞིང་། སློབ་གྲྭ་དེའི་ཞིབ་འཇུག་སློབ་མ་12ལ་སློབ་མཚམས་འཇོག་དགོས་པའི་ཐག་བཅད་འདུག

ཧྥུའུ་ཏན་སློབ་ཆེན་གྱིས། “སློབ་གྲྭས་གློག་རྡུལ་སྦྲག་ཡིག་དང་། ཁ་པར། སྦྲག་སྲིད་སོགས་ཀྱི་ཐབས་ལམ་བརྒྱུད་ནས་སློབ་མ་ལ་བརྡ་ཐོ་བཏང་མོད། ཡིན་ནའང་། ཞིབ་འཇུག་སློབ་མ་ཁ་ཤས་ལ་གོང་དུ་བཤད་པའི་ཐབས་ལམ་ནས་སློབ་མཚམས་འཇོག་དགོས་པའི་གྲོས་ཆོད་བརྡ་ཐོ་བསྐྱལ་ཐུབ་མེད།”སློབ་གསོ་པུའུ་ཡི་བཀའ་རྒྱ་དོན་ཚན་བཅུ་གཅིག་པའི་བླང་བྱ་ལྟར་ན། ཧྥུའུ་ཏན་སློབ་ཆེན་གྱི་ཞིབ་འཇུག་སློབ་གླིང་གིས་གོང་དུ་བཤད་པའི་སློབ་མར་ཡོངས་བསྒྲགས་བྱེད་སྟངས་སྤྱད་ནས་སློབ་མཚམས་འཇོག་དགོས་པའི་གཏན་འབེབས་ཡིག་ཆ་སྐྱེལ་རྒྱུ་ཐག་བཅད་པ་རེད། ཡོངས་བསྒྲགས་དུས་ཡུན་ནི་ཉིན་60ཡིན་ཞིང་། པེ་ཅིང་དུས་ཚོད་2019ལོའི་ཟླ་10ཚེས་25ཉིན་ནས་2019ལོའི་ཟླ་12ཚེས་24ཉིན་བར། ཡོངས་བསྒྲགས་བྱེད་པའི་དུས་ཡུན་འགོར་སོང་ན་མི་དངོས་ལ་སྐྱེལ་ཐུབ་ཡོད་པ་ངོས་འཛིན་བྱ་རྒྱུ་རེད། སློབ་མཚམས་འཇོག་པའི་གཏན་འབེབས་ནི་བརྡ་ཐོ་འབྱོར་བའི་ཉིན་ནས་བརྩི་རྒྱུ་རེད།

中央广播电视总台 央广网 版权所有

ཧྥུའུ་ཏན་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་12སློབ་མཚམས་འཇོག་རྒྱུ་བྱས།

ཟླ་11ཚེས་8ཉིན། ཧྥུའུ་ཏན་སློབ་ཆེན་གྱི་གཞུང་གི་དྲ་ཚིགས་ལས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར། ཧྥུའུ་ཏན་སློབ་ཆེན་གྱིས་《2019-2020ལོའི་སློབ་ཡུན་ལོ་གཅིག་གི་སློབ་སྐབས་དང་པོའི་ཞིབ་འཇུག་སློབ་མ་སློབ་མཚམས་འཇོག་དགོས་པའི་གྲོས་ཆོད་སྤྱི་བསྒྲགས(ཁག་དང་པོ)》སྤེལ་ཞིང་། སློབ་གྲྭ་དེའི་ཞིབ་འཇུག་སློབ་མ་12ལ་སློབ་མཚམས་འཇོག་དགོས་པའི་ཐག་བཅད་འདུག