ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

པེ་ཅིང་དུ་སློབ་མས་གློག་རྡུལ་ཐོན་རྫས་བེད་སྤྱོད་ལ་ཚོད་འཛིན་ནན་མོ་བྱ་རྒྱུ།

2019-11-08 14:42:00     责编:sangjzm

མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན། གོམ་གང་མདུན་སྤོས་ངང་བྱིས་པ་དང་གཞོན་ནུའི་ཉེ་མཐོང་ཕྱོགས་བསྡུས་སྔོན་འགོག་བྱ་ཆེད། པེ་ཅིང་གྲོང་ཁྱེར་གྱིས་ཚེ་7ཉིན《པེ་ཅིང་གྲོང་ཁྱེར་གྱི་བྱིས་པ་དང་གཞོན་ནུའི་ཉེ་མཐོང་སྔོན་འགོག་ཚད་འཛིན་ལག་བསྟར་དོན་ཚན་བཅུ》དང་ལག་བསྟར་འགན་སྲུང་ཐབས་ཇུས་སྤེལ་ནས། སློབ་མས་གློག་རྡུལ་ཐོན་རྫས་བེད་སྤྱོད་དང་། དགེ་རྒན་གྱིས་གློག་རྡུལ་བརྙན་ངོས་བེད་སྤྱོད། སློབ་མའི་སྦྱོང་ཚན། ལུས་རྩལ་བྱེད་སྒོ་སོགས་ཀྱི་དུས་ཚོད་ལ་བླང་བྱ་ཁ་གསལ་བསྟན་ཡོད།

ལག་བསྟར་དེ་ནི་པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་དང་། པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། པེ་ཅིང་གྲོང་ཁྱེར་ལུས་རྩལ་ཅུས། པེ་ཅིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་སོགས་སྡེ་ཁག་10མཉམ་འབྲེལ་བྱས་ནས་སྤེལ་བ་རེད། སློབ་མས་གློག་རྡུལ་ཐོན་རྫས་བེད་སྤྱོད་བྱེད་པར་ཚོད་འཛིན་དམ་པོ་བྱ་རྒྱུ་སྟེ། དེའི་ཁྲོད་དུ། སློབ་མའི་ལག་འཁྱེར་ཁ་པར་དང་། ངོས་ལེབ་གློག་ཀླད་སོགས་གློག་རྡུལ་ཐོན་རྫས་བཅས་སློབ་ཚན་སྐབས་འཁྱེར་བ་གཏན་འགོག་དང་། སློབ་གྲྭ་ལ་འཁྱེར་ན་གཅིག་འགྱུར་གྱིས་ཉར་ཚགས་བྱེད་དགོས་པ། དགེ་རྒན་གྱིས་གློག་རྡུལ་བརྙན་ངོས་ཀྱིས་སློབ་ཁྲིད་དུས་ཡུན་སྔ་ཕྱིར་སློབ་ཁྲིད་སྤྱིའི་དུས་ཡུན་གྱི་30%ལས་བརྒལ་མི་རུང་བ། ལོ་8མན་གྱི་བྱིས་པས་གློག་རྡུལ་རོལ་རྩེད་གཏན་འགོག་དང་། བྱིས་པས་ཉིན་རེའི་གློག་རྡུལ་ངོས་ལེབ་བེད་སྤྱོད་དུས་ཡུན་ཆུ་ཚོད་1ལས་བརྒལ་མི་ཆོག་པ་བཅས་འདུས་ཡོད།

སློབ་མའི་སློབ་སྦྱོང་གི་ཁུར་པོ་ཇེ་ཡང་གཏོང་བའི་ཐད་ནས། སློབ་གྲྭས་སློབ་མའི་སྦྱོང་ཚན་དུས་ཡུན་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་དགོས་པ་དང་། སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་ཐོག་གི་ཁྱིམ་གྱི་ལས་བྱ་གཏན་འགོག བྱིས་པའི་གཉིད་ཡུན་དུས་ཚོད་འགན་སྲུང་ནན་མོ་བྱེད་དགོས་པ། བྱིས་བཅོལ་ཁང་དང་སློབ་ཆུང་སློབ་མའི་ཉིན་རེའི་གཉིད་ཡུན་དུས་ཚོད་ཆུ་ཚོད་10ལས་མི་ཉུང་བ། སློབ་འབྲིང་སློབ་མའི་གཉིད་ཡུན་དུས་ཚོད་ཆུ་ཚོད་9ལས་མི་ཉུང་བ། མཐོ་འབྲིང་སློབ་མའི་གཉིད་ཡུན་ཆུ་ཚོད་8ལས་མི་ཉུང་བ་བཅས་བྱེད་དགོས་པའི་ལག་བསྟར་གཏན་འབེབས་བྱས་ཡོད།

ལུས་རྩལ་སློབ་ཚན་དང་སློབ་ཕྱིའི་སྦྱོང་བརྡར་ཐད་ནས། ལུས་རྩལ་སློབ་ཚན་དང་སློབ་ཚན་ཆེན་པོའི་དུས་ཚོད་ཧམ་བཟུང་བྱ་རྒྱུ་གཏན་འགོག་བྱེད་དགོས་པ་བཏོན་པ་སྟེ། སློབ་གྲྭ་ཆུང་འབྲིང་གི་སློབ་མ་སློབ་གྲྭར་ཡོད་དུས་ལུས་རྩལ་བྱེད་སྒོའི་དུས་ཚོད་ཉིན་རེར་ཆུ་ཚོད་1ལས་ཉུང་མི་ཆོག་པ། སློབ་གསེང་གི་ཞབས་ཞུའི་དུས་ཚོད་གཙོར་བཟུང་ནས་ལུས་རྩལ་བྱེད་སྒོ་བཀོད་སྒྲིག་བྱེད་དགོས་པ། རྒྱུན་ལྡན་གྱི་གནས་ཚུལ་འོག བྱིས་བཅོལ་ཁང་གི་ཕྱི་རོལ་གྱི་བྱེད་སྒོའི་དུས་ཚོད་ཉིན་རེར་ཆུ་ཚོད་2ལས་ཉུང་མི་ཆོག་ཅིང་། སློབ་གྲྭར་སྡོད་པའི་བྱིས་བཅོལ་ཁང་དུ་ཆུ་ཚོད་3ལས་ཉུང་མི་རུང་བ། དེའི་ཁྲོད་དུ་ལུས་རྩལ་བྱེད་སྒོའི་དུས་ཚོད་ནི་ཆུ་ཚོད་1ལས་ཉུང་མི་ཆོག་པ་བྱས་ཡོད།

中央广播电视总台 央广网 版权所有

པེ་ཅིང་དུ་སློབ་མས་གློག་རྡུལ་ཐོན་རྫས་བེད་སྤྱོད་ལ་ཚོད་འཛིན་ནན་མོ་བྱ་རྒྱུ།

ལག་བསྟར་དེ་ནི་པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་དང་། པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། པེ་ཅིང་གྲོང་ཁྱེར་ལུས་རྩལ་ཅུས། པེ་ཅིང་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་སོགས་སྡེ་ཁག་10མཉམ་འབྲེལ་བྱས་ནས་སྤེལ་བ་རེད། སློབ་མས་གློག་རྡུལ་ཐོན་རྫས་བེད་སྤྱོད་བྱེད་པར་ཚོད་འཛིན་དམ་པོ་བྱ་རྒྱུ་སྟེ། དེའི་ཁྲོད་དུ། སློབ་མའི་ལག་འཁྱེར་ཁ་པར་དང་། ངོས་ལེབ་གློག་ཀླད་སོགས་གློག་རྡུལ་ཐོན་རྫས་བཅས་སློབ་ཚན་སྐབས་འཁྱེར་བ་གཏན་འགོག་དང་། སློབ་གྲྭ་