ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་ཤུགས་ཆེ་རུ་ཕྱིན་པ།

2019-11-07 11:02:00     责编:nake

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།གནད་འཁེལ་དབུལ་སྐྱོར་བྱ་བ་སྤེལ་འགོ་ཚུགས་པ་ནས་བཟུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཆ་འཕྲིན་ཅན་ལ་བརྟེན་ནས་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བར་སྒུལ་ཤུགས་བསྣན་པ་དང་སློབ་གསོ་དྲང་བདེན་ཡོང་བར་སྐུལ་འདེད། སློབ་གསོའི་ཁོར་ཡུག་ལེགས་བསྒྱུར་བྱེད་པར་རྨང་གཞི་བཏིང་བ་རེད།

  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སློབ་གསོ་ཆ་འཕྲིན་ཅན་གྱི་བྱ་བ་དེ་སློབ་གསོ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་ནུས་བསྩོལ་བ་དང་སློབ་གསོའི་ལམ་ལུགས་བཅོས་བསྒྱུར་བྱེད་པར་ནང་ནུས་བསྩོལ་བར་སྐུལ་འདེད། སྟེང་གི་བཀོད་པ་འཛུགས་སྐྲུན་བྱེད་ཚད་ཤུགས་ཆེ་རུ་གཏོང་བ། གཅིག་གྱུར་མཐུན་སྦྱོར་ལ་སྐུལ་འདེད་བཅས་བྱས་ཏེ། “གཅིག་གྱུར་འཆར་འགོད་དང་རིམ་བཞིན་དངོས་འབེབས། རིམ་ལྟར་སྐུལ་སྤེལ། བྱས་འབྲས་ལ་དོ་སྣང”བཅས་ཀྱི་རྩ་དོན་ལྟར། ཀྲུང་དབྱང་དང་། ཞིང་ཆེན། ཁུལ་རིམ་པའི་སློབ་གསོ་ཆ་འཕྲིན་ཅན་བྱ་བའི་འགན་འཁྲི་གཙོ་བོར་དམིགས་ཏེ། རྫོང་རིམ་པའི་ཁྱབ་ཁོངས་ཀྱི་སློབ་གསོའི་དོན་དངོས་དང་དུས་རིམ་དབྱེ་ནས་བསམ་བློའི་མཛུབ་སྟོན་དང་དམིགས་འབེན་འགན་འཁྲི། གནད་སའི་བྱ་བ། བྱེད་ཐབས་བླང་བྱ་བཅས་གསལ་བོ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་ཆ་འཕྲིན་ཅན་བྱ་བ་ནན་ཏན་དང་གོ་རིམ་ལྡན་པའི་སྒོ་ནས་དུས་ཚོད་ལྟར་དང་ལམ་ཐིག་ལྟར་བསྒྲུབས་པ་མ་ཟད། མ་དངུལ་གཏོང་ཚད་ཇེ་ཆེ་དང་ཁོར་ཡུག་འཛུགས་སྐྲུན་ཇེ་ལེགས་སུ་བཏང་བ་རེད།

  སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པའི་བྱ་བ་དེ་སློབ་གྲྭ་སོ་སོ་ནས་སྤེལ་འགོ་ཚུགས་ཤིང་། སྔ་རྗེས་སུ་བསྡོམས་པས་མ་དངུལ་སྒོར་ཁྲི641.5བཏང་སྟེ་སློབ་གྲྭ13ཡི་སྒོ་སམ་དཀར་པོ176འཛུགས་སྐྲུན་བྱས་པ་དང་། མ་དངུལ་སྒོར་ཁྲི2795.86བཏང་ནས་ཚད་ལྡན་གྱི་ཆ་འཕྲིན་ཅན་སློབ་གསོའི་རྩིས་འཕྲུལ་ཚོགས་དང་ཚོད་འཛིན་ལྟེ་གནས་སམ་བརྙན་མཐོང་ཚོམས་ཁང་དང་། རང་འགུལ་ཅན་གྱི་མཐོང་གསལ་བརྙན་ཕབ་ཁང་། མཉེན་ཆས་སྟེགས་བུ10། PADདངོས་བཤེར་འཛིན་གྲྭ། སྤྲིན་རྩིས་རྩིས་འཁོར་སློབ་ཁང་། ཉི་འོད་སེམས་ཁམས་འདྲི་རྟོག་ཁང་སོགས་བསྐྲུན། མ་དངུལ་སྒོར་ཁྲི1012.54བཏང་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་རིམ4བ་ནས9བའི་བར་གྱི་རིག་ནུས་སྤྲིན་རྩིས་སློབ་ཁང341གསར་བསྐྲུན་བྱས་པ་མ་ཟད། རྩིས་འཁོར272གསར་སྣོན་བྱས་ཏེ་སློབ་གྲྭ3ལ་རང་འགུལ་ཅན་གྱི་མཐོང་གསལ་བརྙན་ཕབ་ཁང་འཛུགས་སྐྲུན་ལེགས་འགྲུབ་བྱུང་། དེ་མིན། སྨྱན་མང་གཟུགས་སློབ་ཁང30ལ་བསྒྱུར་བཀོད་དང་སློབ་མ60ཤོང་བའི་སྤྲིན་རྩིས་སློབ་ཁང3། སློབ་གྲྭའི་དྲ་རྒྱའི་སྒྲིག་ཆས་སློབ་ཁང539བཅས་བསྐྱར་སྐྲུན་བྱས་པ་རེད།། ( མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར། )

  ཡོང་ཁུངས། སེམས་ཀྱི་ཉི་ཟླ་དྲ་བ།
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

中央广播电视总台 央广网 版权所有

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་ཤུགས་ཆེ་རུ་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།གནད་འཁེལ་དབུལ་སྐྱོར་བསེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སློབ་གསོ་ཆ་འཕྲིན་ཅན་