ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཕོ་བྲང་པོ་ཏ་ལ་རུ་ལོ་གཅིག་དུས་གཅིག་གི་མེ་འགོག་རྩྭ་འབྲེག་ལས་ཀ་སྤེལ།

2019-11-07 11:15:00     责编:nake

  བོད་ལྗོངས་མེ་འགོག་འཐབ་མོ་པས་ཕོ་བྲང་པོ་ཏ་ལ་རུ་རྩྭ་འབྲེག་བཞིན་པའི་ཚུལ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ11པའི་ཚེས6ཉིན་བོད་ལྗོངས་ལྷ་སའི་ཕོ་བྲང་པོ་ཏ་ལར་ལོ་གཅིག་དུས་གཅིག་གི་རྩྭ་འབྲེག་པའི་ལས་ཀ་སྤེལ་ནས་དགུན་དུས་ཀྱི་མེ་འགོག་བདེ་འཇགས་ལ་ཁག་ཐེག་བྱས་པ་རེད། ལྷ་ས་གྲོང་ཁྱེར་མེ་འགོག་རོགས་སྐྱོབ་ཡན་ལག་རུ་ཁག་ཕོ་བྲང་པོ་ཏ་ལའི་རུ་ཆེན་གྱི་རུ་དཔོན་གཞོན་པ་ཚེ་རིང་དབང་ཕྱུག་གིས་དགུན་དུས་སུ་རྩི་ཤིང་སྐམ་ནས་མེ་སྐྱོན་འབྱུང་སླ་བས་དགུན་དུས་སུ་རྩྭ་འབྲེག་པ་ནི་ཕོ་བྲང་པོ་ཏ་ལའི་ལོ་མང་རིང་ཆགས་པའི་རྒྱུན་སྲོལ་རེད་ཅེས་བཤད།

  ཁོང་གིས་བོད་ལྗོངས་མེ་འགོག་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་ལྷ་ས་ཡན་ལག་རུ་ཁག་གིས་ཕོ་བྲང་པོ་ཏ་ལའི་མེ་འགོག་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ད་ལོ་ལྷ་ས་ཡན་ལག་རུ་ཁག་གི་མི160ལྷག་ཙམ་གྱིས་ཕོ་བྲང་པོ་ཏ་ལའི་རུ་ཆེན་གྱི་མེ་འགོག་འཐབ་མོ་པ40ལྷག་དང་མཉམ་དུ་རྩྭ་འབྲེག་པའི་ལས་ཀ་ནང་ཞུགས་ཡོད་ཟེར།

  བོད་ལྗོངས་མེ་འགོག་འཐབ་མོ་པས་ཕོ་བྲང་པོ་ཏ་ལ་རུ་རྩྭ་འབྲེག་བཞིན་པའི་ཚུལ།

  ཕོ་བྲང་པོ་ཏ་ལ་ནི་ལྷ་ས་གྲོང་ཁྱེར་གྱི་དམར་པོ་རིའི་སྟེང་དུ་ཆགས་ཤིང་། དེ་ནི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེས་མཐོ་བའི་ཕོ་བྲང་དང་མཁར་རྫོང་། དགོན་སྡེ་བཅས་གཞི་གཅིག་ཏུ་འདུས་པའི་བཟོ་བཀོད་ཅིག་ཡིན་པ་མ་ཟད། བོད་ལྗོངས་ཀྱི་ཆེས་རྒྱ་ཆེ་བ་དང་ཆེས་ཆ་ཚང་བའི་གནའ་བོའི་ཕོ་བྲང་གི་བཟོ་བཀོད་ཅིག་ཀྱང་རེད། 1994ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཕོ་བྲང་པོ་ཏ་ལ་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲས་སུ་བཞག །

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

中央广播电视总台 央广网 版权所有

ཕོ་བྲང་པོ་ཏ་ལ་རུ་ལོ་གཅིག་དུས་གཅིག་གི་མེ་འགོག་རྩྭ་འབྲེག་ལས་ཀ་སྤེལ།

བོད་ལྗོངས་མེ་འགོག་འཐབ་མོ་པས་ཕོ་བྲང་པོ་ཏ་ལ་རུ་རྩྭ་འབྲེག་བཞིན་པའི་ཚུལ།ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ11པའི་ཚེས6ཉིན་བོད་ལ