ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

གོ་འཇོ་རྫོང་གིས་དབུལ་ཕོངས་མང་ཚོགས་ལ་གཡོས་སྦྱོར་ནུས་རྩལ་གསོ་སྐྱོང་བྱས་པ།

2019-11-07 11:15:00     责编:nake

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།སྔར་ལས་ལྷག་པར་ཞིང་གྲོང་གི་ངལ་རྩོལ་ནུས་ཤུགས་ལྷག་མ་བསྒྱུར་སྤོ་བྱེད་པ་དང་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལོན་པར་ཤུགས་སྣོན་ཆེད། ཉེ་སྔོན་བོད་རང་སྐྱོང་ལྗོངས་གོ་འཇོ་རྫོང་གིས་ཀྲུང་ལུགས་ཀྱི་ཟ་མ་གཡོས་སྦྱོར་ནུས་རྩལ་གསོ་སྐྱོང་བྱེད་པའི་འཛིན་གྲྭ་བསྒྲུབས་ཏེ་མི50ལྷག་ཐེངས་འདིའི་གསོ་སྐྱོང་འཛིན་གྲྭར་ཞུགས།

  རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྐྱོང་འཛིན་གྲྭ་ནི་ཀྲུང་དབྱང་གིས་མཐའ་རྒྱུད་ས་ཁུལ་གྱི་དབུལ་ཕོངས་རོང་འབྲོག་མང་ཚོགས་ལ་བོད་ཟས་གསར་སྐྲུན་སློབ་གསོ་གོང་སྤེལ་དུ་གཏོང་བའི་དཔེ་སྟོན་ལས་གཞི་གྲས་ཀྱི་གཅིག་ཡིན་ལ་གསོ་སྐྱོང་དུས་ཡུན་ཉིན45ཡིན་པ་རེད། དེའི་ནང་དོན་ནི་ཟ་མ་གཡོས་སྦྱོར་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་རྣམ་པ་རྒྱུད་ནས་གསོ་སྐྱོང་བྱ་རྒྱུ་ཡིན་ལ་གསོ་སྐྱོང་གི་གོ་རིམ་ཁྲོད་དགེ་རྒན་གྱིས་རྒྱུ་ཆ་བདམས་གསེས་དང་། བྲོ་རྫས་སྡེབ་སྦྱོར་སོགས་ཀྱི་གཞུང་ལུགས་ཤེས་བྱ་ཞིབ་གསལ་ངང་འཁྲིད་རྒྱུ་མ་ཟད། སྔོ་ཚོད་གཙབ་སྟངས་ནས་རེ་རེ་བཞིན་ལག་ལེན་དངོས་ནང་ཞུགས་སུ་བཅུག་ནས་འཁྲིད་རྒྱུ་རེད།

  གསོ་སྐྱོང་འཛིན་གྲྭའི་འགན་ཁུར་མི་སྣས“ཐེངས་འདིའི་གསོ་སྐྱོང་ནི་དབུལ་ཕོངས་མང་ཚོགས་ལ་ལས་ཞུགས་ཀྱི་ནུས་རྩལ་སློབ་པར་རོགས་སྐྱོར་དང་ལས་ཞུགས་ཀྱི་ལམ་བུ་རྒྱ་སྐྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། རྫོང་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་བྱ་བར་ནུས་ཤུགས་འདོན་ཅི་ཐུབ་བྱས་པ་རེད། རེ་བ་ཡིན་ན་ཐེངས་འདིའི་གསོ་སྐྱོང་འཛིན་གྲྭ་ནང་ཞུགས་པའི་སློབ་མ་རྣམས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་ཅི་ནུས་སྒོས་ལག་རྩལ་སྦྱང་རྒྱུ་དང་། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་དེ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་བྱ་དགོས”ཞེས་བཤད། །(མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

中央广播电视总台 央广网 版权所有

གོ་འཇོ་རྫོང་གིས་དབུལ་ཕོངས་མང་ཚོགས་ལ་གཡོས་སྦྱོར་ནུས་རྩལ་གསོ་སྐྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།སྔར་ལས་ལྷག་པར་ཞིང་གྲོརྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྐྱོང་འཛིན་གྲྭ་ན