ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཤང་ཀང་དང་ཨོ་མན་གྱི་གཞོན་ནུ་འཐུས་མིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཡུན་རིང་བརྟན་པོའི་ངང་ལག་བསྟར་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་བསྟན་པ།

2019-10-09 09:42:00     责编:卓玛才让

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་གཟིགས་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུངས་བཤད་གསན་པའི་རྗེས། ཤང་ཀང་དང་ཨོ་མན་གྱི་གཞོན་ནུ་འཐུས་མི་ཁག་ཅིག་གིས། ཁོང་ཚོར་སེམས་སྒུལ་ཆེན་པོ་ཐེབས་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཡུན་རིང་བརྟན་པོའི་ངང་ལག་བསྟར་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། མེས་རྒྱལ་དང་ཀང་ཨོ་ཡི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་རྒྱུ་ཡིན་ཞེས་བཤད་ཡོད།

ཤང་ཀང་ཕུལ་བྱུང་མི་སྣའི་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀོ་སུང་ཅེ་ཡིས། ད་ཐེངས་དམིགས་གཟིགས་མཛད་སྒོར་བལྟས་པའི་ཤང་གང་གི་གཞོན་ནུ་རྣམས་སྤོབས་སེམས་ཆེན་པོ་སྐྱེས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ནན་སྟོན་གནང་བའི་ཐོག་ནས། རྒྱལ་ཁབ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོ་ཤང་ཀང་ལ་ཐུགས་ཁུར་གནང་བ་གསལ་པོ་རྟོགས་ཐུབ། ང་ཚོ་ཤང་ཀང་གི་གཞོན་ནུས་ཀྱང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་ཡིད་ཆེས་ཡོད་དགོས་པ་དང་། མ་འོངས་གོང་འཕེལ་ཁྲོད་ཚང་མས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལྟར་ཤང་ཀང་འཕེལ་རྒྱས་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

ཤང་ཀང་སྲིད་གྲོས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ཨུད་ཀྲུའུ་ཞི་གཞོན་པ་ཁྲེན་ཀྲེ་ཧོ་ཡིས། ཤང་ཀང་གི་ངོས་ནས་བརྗོད་ན། དེ་ནི་ཆེས་ཐོབ་པར་དཀའ་ཞིང་རིན་ཐང་ཆེ་བའི་རྒྱལ་དམངས་སློབ་གསོའི་སློབ་ཚན་ཞིག་ཡིན། ཉེ་དུས་སུ་ཤང་ཀང་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དགོས་པ་ནན་སྟོན་གནང་ཡོད། ངའི་བསམ་པར་དེས་ཤང་ཀང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་གོང་འཕེལ་ཡག་པོ་འགྲོ་རྒྱུར་བློ་བརྟན་རིལ་བུ་ཞིག་སྟེར་བ་དང་འདྲ་ལ། ཤང་ཀང་བའི་ཡིད་ཆེས་བརྟན་དུ་གཏོང་རྒྱུར་ཡང་ཕན་ཐོགས་ཆེན་པོ་ཡོད་ཅེས་བཤད་ཡོད་པ་རེད།

ཨོ་མན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པ་འུ་ཙེ་ཉིང་གིས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པའི་ས་ཆ་དེའི་མི་ཡིན་པའི་ཆ་ནས། ངས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རླབས་ཆེན་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱ་རྒྱུ་ཡིན། ང་རང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱེད་སའི་གྲོང་ཁྱེར་དེའི་ནང་འཚོ་གནས་བྱས་པའི་རྐྱེན་གྱིས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཀྱི་བཟང་ཆ་གསལ་པོ་ཚོར་ཐུབ་ཀྱི་འདུག་ཅེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有