ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་ཚེས་16ཉིན་བྱ་རྒྱུ་ཡིན་པ།

2019-10-08 17:48:00     责编:卓玛才让

ཟླ་10ཚེས་17ཉིན་ནི་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པ་དེ་ཡིན་ཞིང་། རང་ལྗོངས་ཀྱི་2016ལོ་ཚུན་གྱི་ཐོན་ལས་དབུལ་སྐྱོར་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། རང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་མངོན་པ། དབུལ་སྐྱོར་ཐོན་ལས་ཀྱི་གྲུབ་འབྲས་དང་ཁྲོམ་ར་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་ཤུགས་སྣོན་རྒྱག་པ། བྲིན་ཚོང་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་10ཚེས་16ཉིན་ནས་ཟླ་10ཚེས་22ཉིན་བར་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་གཞུང་ལས་ཁང་གིས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་མཉམ་དུ་ལྷ་ས་གྲོང་ཁྱེར་གནས་མཆོག་ལྷ་ཡུལ་ཀྲོའུ་ཅི་གསོལ་མགྲོན་ཁང་ཆེ་མོའི་ཐང་ཆེན་དུ་བོད་རང་སྐྱོང་ལྗོངས་ཀྱི་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་གཉེར་རྒྱུ་རེད།

ད་ཐེངས་ཀྱི་གྲུབ་འབྲས་འགྲེམས་སྟོན་ནང་ས་ཁུལ(གྲོང་ཁྱེར)7གྱིས་2016ལོ་ཚུན་དུ་རོགས་སྐྱོར་དང་སྐྱེད་སྲིང་བྱས་པའི་དབུལ་སྐྱོར་ཐོན་ལས་གཉེར་སྐྱོང་བྱེད་པོ(ཁེ་ལས་དང་། མཉམ་ལས་ཁང་། ཁྱིམ་ཚང་ཞིང་འབྲོག་ར། འཇོན་ཐང་ཅན་གྱི་དུད་ཚང་ཆེ་མོ། ཕ་ཡུལ་དུ་ལོག་པའི་ལས་གཏོད་ཚོགས་སྤྱི་སོགས)སྒྲིག་འཛུགས་བྱས་ཏེ་འགྲེམས་སྟོན་ནང་ཞུགས་རྒྱུ་མ་ཟད། ད་དུང་ནས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་དང་འབྲི་གཡག་གི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་ཡང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱིགསར་འགྱུར་དྲ་བ།

中央广播电视总台 央广网 版权所有