ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་ས་གནས་ཁག་གིས་རྒན་བཀུར་དུས་ཆེན་ལ་རྒན་གཅེས་རྒན་བཀུར་གྱི་བྱེད་སྒོ་སྣ་མང་སྤེལ་བ།

2019-10-08 09:48:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་7ཉིན་ནི་རང་རྒྱལ་གྱི་སྲོལ་རྒྱུན་དུས་ཆེན་རྒན་བཀུར་དུས་ཆེན་ཡིན་ཞིང་། ས་གནས་ཁག་གིས་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྣ་མང་སྤེལ་བ་དང་། རྒན་བཀུར་རྒན་གཅེས་དང་། རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་འཛུགས་པ་དང་སྲི་ཞུ་གཅེས་སྐྱོང་ཐེབས་རྩ་འཛུགས་པ་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་ནས་རྒན་རྒོན་ལ་བདེ་སྐྱིད་ལྡན་པའི་ཚེ་མཇུག་སྐྱེལ་རྒྱུ་ཡོད་པ་བྱས་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད་10པར། ཧྲན་ཞི་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་ཡན་ཧུའུ་ཁུལ་ལའེ་ཅ་ཕོ་གྲོང་ཚོའི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ། རྒན་རྒོན་རྣམས་མཉམ་འཛོམས་ཀྱིས་གླུ་སྒྲའི་ཐོག་ནས་རྒན་རྒོན་དུས་ཆེན་ལ་བསུ་བ་ཞུས་ཡོད་པ་རེད།

ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་སུའེ་རྫོང་གི་རྒན་རྒོན་ལ་སྲི་ཞུ་གཅེས་སྐྱོང་ཀྱི་ཐེབས་རྩའི་དངུལ་སྤྲོད་པའི་བྱེད་སྒོ་སྤེལ་ཡུལ་དུ། རྒན་རྒོན་རྣམས་ཀྱིས་རང་ཉིད་ཀྱིས་སྒྲིག་བཟོ་དང་རང་ཉིད་ཀྱིས་འཁྲབ་ཁྲིད་རང་ཉིད་ཀྱིས་འཁྲབ་སྟོན་བཅས་བྱེད་པའི་སྨྱུག་རོལ་མགྱོགས་གཏམ་བཤད་ནས་ཚང་མར་སྲི་ཞུའི་རིག་གནས་བརྒྱུད་སྤེལ་བྱས་ཡོད། གར་སྟེགས་ཀྱི་འོག་ཏུ། སྲི་ཞུའི་དངུལ་རགས་པའི་རྒན་རྒོན་རྣམས་ཀྱི་གདོང་ལ་དགའ་བའི་འཛུམ་མདངས་ཕྱུང་ཡོད། སུའེ་རྫོང་གི་གྲོང་ཚོ་545ཚང་མར་རྫོང་དང་ཤང་དང་གྲོང་ཚོ་བཅས་ཀྱི་སྲི་ཞུ་གཅེས་སྐྱོང་ཐེབས་རྩ་ཁྱབ་གདལ་བཏང་ནས་བཙུགས་ཡོད་པ་དང་། མིག་སྔའི་བར། སུའེ་རྫོང་དུ་བུ་ཕྲུག་གིས་འཇལ་སྤྲོད་བྱས་པའི་སྲི་ཞུའི་ཐེབས་རྩའི་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཅིག་ལྷག་དང་། རྫོང་ནོར་སྲིད་ཀྱི་བྱ་དགའ་དང་ཁ་གསབ་ཀྱི་དངུལ་སྒོར་ས་ཡ་དྲུག་ལྷག་ཚང་མ་གཤམ་སྤྲོད་བྱས་ཟིན་ཡོད་པ་རེད།

ལོ་རེའི་རྒན་བཀུར་དུས་ཆེན་སླེབས་ཐེངས་རེར། ཀྲེ་ཅང་ཞིང་ཆེན་ཀྲུའུ་ཅི་གྲོང་ཁྱེར་ཧོང་ཧྲན་གྲོང་བརྡལ་ཡའོ་ཝང་གྲོང་ཚོའི་སྲི་ཞུའི་རིག་གནས་གཞོན་ནུའི་གདོང་ལེན་རུ་ཁག་གི་ཁོངས་མི་ཚང་མས་གྲོང་ཚོའི་ནང་གི་ལོ་80ཡན་ཟིན་པའི་བདེ་སྐྱིད་རྒན་རྒོན་དང་ལོ་90ཡན་ཟིན་པའི་ཚེ་རིང་རྒན་རྒོན་ལ་འཐུང་ཇ་སྐྱེལ་བ་དང་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱེད་ཀྱི་ཡོད། གྲོང་མི་ཡའོ་མིང་གིས། འཚོ་བ་ཡག་ཏུ་ཕྱིན་པ་དང་། གྲོང་ཚོའི་ནང་གི་ཀུན་སྤྱོད་རྣམ་པ་ཡང་ཧ་ཅང་ཡག་པོ་ཡོད་པས། འཚོ་བ་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད་ཡོད།

ཀུའེ་ཀྲའུ་ཞིང་ཆེན་ཆིན་ནན་ཁུལ་ལུང་ལི་རྫོང་ལུང་ཧྲན་གྲོང་བརྡལ་དུ། ལོ་83ཡིན་པའི་གྲོང་མི་མོ་ཧུང་ཝུན་གྱིས་གསར་འགོད་པར། ཉེ་ཆར། དང་བླངས་པ་རྣམས་གྲོང་བརྡལ་གྱི་རྒན་གསོ་ཁང་དུ་ཡོང་ནས་ཁོང་ཚོ་དང་མཉམ་དུ་ཅའོ་ཙེ་བཟོས་པ་ཡིན། ད་ལྟ། ལུང་ལི་རྫོང་གིས་རུ་ཁག་33དང་ཁྱོན་མི་800ལྷག་ཡོད་པའི་གྲོང་ཚོ་དང་གྲོང་ཁུལ་གྱི་སེམས་རྩ་འཁོལ་བའི་རྒན་རྒོན་གྱིས་གཙོ་བོ་བྱེད་པའི་རྒན་རྒོན་དང་བླངས་པའི་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ནས། རྟེན་ས་མེད་ཅིང་ཁེར་རྐྱང་དུ་ལུས་པའི་རྒན་རྒོན་རྣམས་དང་བླངས་ཞབས་ཞུ་སྒྲུབ་ཡུལ་གཙོ་བོར་རྩིས་ཀྱི་ཡོད་ཅེས་བཤད་ཡོད།

ལུང་ལི་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཁྲེན་མིང་ལིས་གསར་འགོད་པར། དང་བླངས་པས་གཞིས་སྲུང་རྒན་རྒོན་ལ་རོགས་རམ་བྱས་ནས་ཚོང་འདུས་ཐོག་ནས་འཚོ་བའི་མཁོ་རྫས་ཉོ་བ་དང་། ཆུ་སྦུག་བརྗེ་བ། གློག་སྐུད་བཟོ་བ་སོགས་ཀྱི་བྱེད་ཀྱི་ཡོད་ཅིང་། རང་ནུས་གང་ཡོད་ཀྱི་དང་བླངས་ཞབས་ཞུས་དང་བླངས་ཞབས་ཞུའི་འཁོར་རྒྱུན་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བྱས་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有