ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

མུ་འབྲེལ་ཆེད་སྒྲིག་ལེ་ཚན་༼བདེ་སྡོད་ཀྲུང་གོ་༽ཞེས་པ་སྤྱི་ཚེས་༨ཉིན་ནས་ ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་གྱི་དུས་ཚོད་གཙོ་བོའི་ཐོག་བསྟན་རྒྱུ་ཡིན་པ།

2019-10-08 09:46:00     责编:卓玛才让

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་ཆེད་དང་། ལོ་ངོ་70དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་རང་རྒྱལ་གྱི་སྡོད་ཁང་འགན་སྲུང་ལས་དོན་གྱིས་བརྒྱུད་མྱོང་བའི་སྔར་སོང་ལོ་ཟླ་དང་ད་བར་ཐོབ་པའི་གྲུབ་འབྲས་གང་ལེགས་མངོན་ཆེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་མཉམ་འབྲེལ་བཟོ་སྒྲིག་བྱེད་པའི་ལེའུ་བཞིའི་མུ་འབྲེལ་ཆེད་སྒྲིག་ལེ་ཚན་༼བདེ་སྡོད་ཀྲུང་གོ་༽ཞེས་པ་སྤྱི་ཚེས་༨ཉིན་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་གྱི་དུས་ཚོད་གཙོ་བོའི་ཐོག་ཉིན་རེར་ལེའུ་གཉིས་བསྟན་རྒྱུ་ཡིན་པ་རེད།

ལེ་ཚན་དེས་གོ་རིམ་ལྡན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་ཀྲུང་གོའི་སྤྱི་ཡོངས་ཀྱི་མི་སྡོད་ཁོར་ཡུག་ལ་འཕོ་འགྱུར་ཆེན་པོ་འགྲོ་ཚུལ་དང་དེའི་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མངོན་ཡོད་པས། རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱིས་ཀྲུང་གོ་གསར་པའི་སྡོད་ཁང་བྱ་བཞག་གོང་འཕེལ་འགྲོ་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་ཆོག་པའི་བརྩམས་བྱ་ཕུལ་བྱུང་ཞིག་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有