ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཕྱུག་འགྱུར་ལམ་བུར་དཀར་ཆུའི་དྲི་ཞིམ་འཐུལ།

2019-10-01 14:36:00     责编:sangjzm

བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་དཀར་སྡེ་དབུལ་སྐྱོར་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་གཏོད་རྒྱུ་དང་། དཀར་ཆུའི་ཐོན་རྫས་ལས་སྣོན་ཡག་པོ་བྱེད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་ཏན་ཏིག་བསྒྱུར་ནས། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད། མིག་སྔའི་བར་ས་གནས་དེ་གའི་མང་ཚོགས་59(ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་40དང་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་12ཚུད)རྟེན་གཞིར་ལས་ཞུགས་ཐུབ་ཡོད། 2018ལོར་དཔེ་སྟོན་རྟེན་གཞི་དེའི་དཀར་ཆུའི་ཐོན་རྫས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་819.05ཟིན་པ་དང་། མང་ཚོགས་59ལ་ངལ་རྩོལ་གླ་ཆ་སྒོར་ཁྲི་224.4སྤྲད་ཅིང་། འདི་ནི་དཔེ་སྟོན་རྟེན་གཞིའི་ལས་མིས་དཀར་ཆུའི་ཐོན་རྫས་ལས་སྣོན་བྱེད་བཞིན་པ།

中央广播电视总台 央广网 版权所有