ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ།

2019-10-01 10:34:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར། རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་མི་སྣས་གཅིག་མཇུག་གཉིས་མཐུད་ངང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་དང་འཕྲིན་ཡིག་བཀུར་གནང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཟབ་རྒྱས་ཞུས་ཡོད།

ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚམས་འདིར། སྙིང་དབུས་ནས་སྨོན་འདུན་ཞུ་རྒྱུ་ཡིན། ངོས་ནས་ང་ཚོའི་བར་གྱི་མཛའ་གྲོགས་ལ་བརྩི་མཐོང་བྱེད་ཀྱི་ཡོད་པ་དང་། མུ་མཐུད་ནས་མཐུན་སྒྲིལ་དམ་ཟབ་བྱས་ནས། མཉམ་དུ་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་བསྐྲུན་རྒྱུ་ཡིན། ཀྲུང་གོའི་མི་དམངས་རྣམས་བཀྲ་ཤིས་བདེ་འཁོད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།

ཨ་རིའི་ཙུང་ཐུང་ཐེ་རོན་ཕུས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། ཀྲུང་གོའི་མི་དམངས་རྣམས་ཞི་བདེ་དང་དར་རྒྱས་ཀྱི་དཔལ་ལ་རོལ་རྒྱུ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།

བྱང་ཁོ་རི་ཡའི་ངལ་རྩལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས། ལོ་ངོ་བདུན་བཅུའི་ནང་། ཀྲུང་གོའི་རླབས་ཆེའི་འཐབ་རྩོད་ཀྱི་ལོ་རྒྱུས་ཀྱིས། སྤྱི་ཚོགས་རིང་ལུགས་ནི་ཀྲུང་གོའི་མི་དམངས་ཀྱི་ཡང་དག་ཤོས་ཀྱི་ལྡོག་མེད་འདེམས་ཁ་ཞིག་ཡིན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་མི་དམངས་རྣམས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་རྩ་བའི་འགན་ལེན་ཡིན། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱི་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་རྒྱང་སྐྱོད་གསར་པར་རྒྱལ་ཁབ་ཐོབ་ངེས་ཡིན་ཞེས་བསྟན་ཡོད།

དབྱིན་ཇེའི་རྒྱལ་མོ་དབྱི་ལི་ཧྲ་པའེ་སྐུ་ཐོག་གཉིས་པས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བའི་མཚམས་འདིར་སྨོན་འདུན་ཞུ་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་། ཀྲུང་གོའི་མི་དམངས་རྣམས་བདེ་སྐྱིད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབམལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有