ཀྲུང་གོ་དང་ཨ་རིའི་ཁེ་ལས་མཁས་པའི་གླེང་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༩པའི་ཚེས་༡༠ཉིན་ནས་ཚེས་༡༡ཉིན་བར་ཀྲུང་གོ་དང་ཨ་རིའི་ཁེ་ལས་མཁས་པའི་གླེང་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། རིགས་གཅིག་མཁས་པས། ཨ་རིས་སྒོ་ཁྲལ་མཐོ་རུ་གཏོང་བ་དེའི་དམིགས་ཡུལ་འགྲུབ་ཐུབ་མེད་པར། དེ་ལས་ལྡོག་སྟེ་ཨ་རིའི་དཔལ་འབྱོར་ལ་གནོད་འཚེ་བཏང་ཡོད་ཅེས་གསུངས་ཡོད།

ད་རེས་ཀྲུང་གོ་དང་ཨ་རིའི་ཁེ་ལས་མཁས་པའི་གླེང་མོལ་ཚོགས་འདུ་ཆུང་གྲས་འདི་ནི་ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་དང་ཨ་རིའི་ཚོང་ཚོགས་ཀྱིས་གཉེར་བའི་གླེང་མོལ་གྲོས་ཚོགས་ཐེངས་བཞི་པ་དེ་ཡིན། ན་ནིང་སྤྱི་ཟླ་༡༢ནས་ད་ལོའི་སྤྱི་ཟླ་༩པའི་བར་དུ། ཕྱོགས་གཉིས་པོས་གྲོས་བསྡུར་ཐེངས་བཞི་བྱས་པའི་ནང་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་རྩོད་གཞི་དེ་ཉིད་སྤེལ་རེས་གླེང་མོལ་གྱི་གྲོས་གཞི་གལ་ཆེན་ལ་བཞག་ཡོད། གྲོས་བསྡུར་ཐེངས་བཞི་བྱེད་པའི་ནང་ཀྲུང་གོ་དང་ཨ་རིའི་ཉོ་ཚོང་ཕྱོགས་གཉིས་ཀས་རང་ཉིད་ཀྱི་ལྟ་བ་བཤད་ཡོད། མ་གཞི་ཕྱོགས་སོ་སོའི་གཙོ་གནད་མི་འདྲ་ཡང་། ༼མཉམ་ལས་བྱས་ན་གཉིས་ཀར་ཕན་པ་དང་། འཁྲུག་རྩོད་རྒྱབ་ན་གཉིས་ཀར་གནོད་པའི་༽ཐུན་མོང་ངོས་འཛིན་བྱུང་ཡོད། ཨ་རིས་སྒོ་ཁྲལ་མཐོ་རུ་གཏོང་བ་དེས་ཨ་རིའི་དམིགས་ཡུལ་འགྲུབ་ཐུབ་མེད་པར། དེ་ལས་ལྡོག་སྟེ་ཨ་རིའི་དཔལ་འབྱོར་ལ་གནོད་འཚེ་བཏང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།