པེ་ཅིང་གིས“ལས་རིགས་རྩལ་ནུས་ཆེ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི”ལག་ལེན་བསྟར་འགོ་འཛུགས་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་པེ་ཅིང་གྲོང་ཁྱེར་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། པེ་ཅིང་གྲོང་ཁྱེར་གྱིས“ལས་རིགས་རྩལ་ནུས་ཆེ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི”ལག་ལེན་བསྟར་འགོ་བཙུགས་ཏེ། ཁེ་ལས་ཀྱི་ལས་བཟོ་གཙོ་བོར་བཟུང་ནས་གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད།

པེ་ཅིང་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་མིང་ཧྲན་གྱིས། མིག་སྔར། པེ་ཅིང་གྲོང་ཁྱེར་གྱི་རྩལ་ནུས་ངལ་རྩོལ་པ་བསྡོམས་གྲངས་ཁྲི་338ཟིན་པ་དང་། རྩལ་ནུས་ཆེ་བའི་ཤེས་ལྡན་པ་ཁྲི་99.6ཡོད་པ། རྩལ་ནུས་ཆེ་བའི་ཤེས་ལྡན་པ་71ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ་ཡོད། དེ་ནས་པེ་ཅིང་གྲོང་ཁྱེར་གྱིས“ལས་རིགས་རྩལ་ནུས་ཆེ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི”ལག་ལེན་བསྟར་འགོ་བཙུཌ་ཏེ། ཁེ་ལས་ཀྱི་ལས་བཟོ་གཙོ་བོར་བཟུང་ནས་གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་རེད། འཆར་གཞི་ལྟར་ན། 2021ལོའི་ལོ་མཇུག་ཏུ་སླེབས་སྐབས་པེ་ཅིང་གྲོང་ཁྱེར་གྱི་རྩལ་ནུས་ངལ་རྩོལ་པས་ལས་ཞུགས་མི་སྣའི་བསྡོམས་གྲངས་ཀྱི་བསྡུར་ཚད་30%ཟིན་རྒྱུ་དང་རྩལ་ནུས་ཆེ་བའི་ཤེས་ལྡན་པས་རྩལ་ནུས་ལྡན་པའི་ངལ་རྩོལ་པའི་བསྡུར་ཚད་33%ཟིན་རྒྱུ་རེད་ཅེས་བཤད།

དེའི་རིང་འབྲེལ་ཡོད་སྡེ་ཚན་གྱིས་ཁེ་ལས་ཀྱི་ལས་བཟོ་ལས་གནས་དངོས་སུ་མ་བསྐྱོད་གོང་དང་སྐྱོད་པའི་རིང་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་ཡིན་ཞིང་། ལས་གནས་ཐོག་དངོས་སུ་མ་བསྐྱོད་གོང་གི་སྦྱོང་བརྡར་དེ་ལས་གནས་ཀྱི་འཚམ་མཐུན་རང་བཞིན་ལ་དམིགས་ནས་བྱ་རྒྱུ་དང་། ལས་བཟོ་གསར་པར་རོགས་རམ་བྱས་ནས་ལས་སྒོ་འཕེར་བར་བྱ་རྒྱུ། ལས་མི་ལས་ཀར་ཞུགས་ནས་ཟླ་12ནང་ཚུན་དུ་གསོ་སྦྱོང་བྱེད་པའི་སློབ་ཚན་གྱི་དུས་ཚོད་ཆུ་ཚོད་40ལས་མི་ཉུང་བ་བྱ་རྒྱུ། མི་རེར་སྒོར་500ཡི་ཚད་གཞིའི་ཐོག་ནས་ཁེ་ལས་ལ་ཁ་གསབ་སྤྲོད་རྒྱུ་རེད། དུས་མཚུངས་སུ“བཟོ་པ་བསྡུ་བ་དང་སློབ་མ་བསྡུ་བ་དང་། ཁེ་ལས་སུ་ཞུགས་པ་དང་སློབ་གྲྭར་ཞུགས་པ། ཁེ་སློབ་ལམ་སྲོལ་གཉིས་ལ་བརྟེན་ནས་མཉམ་འབྲེལ་ཐོག་གསོ་སྦྱོང་བྱེད་པ”བཅས་ཀྱི་དགེ་ཕྲུག་གསོ་སྦྱོང་འཆར་གཞི་གསར་པ་ལག་ལེན་བསྟར་ཏེ། ཆེད་ལས་དང་རྟེན་གཞི་ཐུན་མོང་ཐོག་བསྐྲུན་རྒྱུ་དང་ཁེ་ལས་ཀྱི་དགེ་ཕྲུག་ལ་ཁ་གསབ་སྤྲོད་རྒྱུའང་རེད།