སི་ཁྲོན་ཞིང་ཆེན་ནའེ་ཅང་གྲོང་ཁྱེར་ཝུའེ་ཡོན་རྫོང་དུ་ས་ཡོམ་རིམ་པ་༥.༤རྒྱབ་པ་དང་། རོགས་སྐྱོར་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ།
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༨ཉིན་གྱི་ཞོགས་པའི་ཆུ་ཚོད་༦དང་སྐར་མ་༤༢ཐོག སི་ཁྲོན་ཞིང་ཆེན་ནའེ་ཅང་གྲོང་ཁྱེར་ཝུའེ་ཡོན་རྫོང་ལུང་ཧུའེ་གྲོང་རྡལ་ཉེ་འགྲམ་དུ་ས་ཡོམ་རིམ་པ་༥.༤རྒྱབ་པ་དང་། ས་ཡོམ་གྱི་གཏིང་ཚད་སྤྱི་ལེ་༡༠ཟིན་ཡོད། ཁ་སང་དགོང་མོའི་ཆུ་ཚོད་༦པའི་བར་དུ་སླེབས་སྐབས། ས་ཡོམ་ནང་མི་༡རྐྱེན་ལམ་དུ་ཤོར་བ་དང་། མི་༦༣ལ་རྨས་སྐྱོན་ཕོག་པ། མི་ཁྲི་གཅིག་ལས་བརྒལ་བར་གནོད་འཚེ་ཕོག་པ། ཁང་པ་༡༣༢རྡིབ་པ། ཁང་པ་༡༦༡༢ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད། མིག་སྔའི་ཆར། རོགས་སྐྱོར་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

ས་ཡོམ་རྒྱབ་རྗེས། རོགས་སྐྱོབ་སྟོབས་ཤུགས་མགྱོགས་མྱུར་ས་ཡོམ་རྒྱག་ཁུལ་དུ་རོགས་སྐྱོབ་ལས་དོན་སྤེལ་བར་བསྐྱོད་ཡོད། ནའེ་ཅང་གྲོང་ཁྱེར་མེ་ཟོན་རོགས་སྐྱོར་ཡན་ལག་རུ་ཁག་གིས་རླངས་འཁོར་༡༤དང་མི་༨༠ས་ཡོམ་རྒྱག་ཁུལ་དུ་མངགས་ཡོད། མདུན་མཆོངས་ཚོགས་ཆུང་ཁག་གསུམ་ལ་དབྱེ་ནས། ཁག་སོ་སོར་ས་ཡོམ་གྱི་ལྟེ་བ་ཝའེ་ཡོན་རྫོང་ལུང་ཧུའེ་གྲོང་རྡལ་དང་། གྲོང་ཁྱེར་ལྟེ་བའི་ཁུལ་གྱི་ཆོན་ཨན་གྲོང་རྡལ་དང་ཀྲའོ་ཡང་གྲོང་རྡལ་དུ་རོགས་སྐྱོབ་དང་འཚོལ་སྐྱོབ་ལས་དོན་སྤེལ་ཡོད་པ་རེད།

ས་ཡོམ་རྒྱབ་རྗེས། ནའེ་ཅང་གྲོང་ཁྱེར་གྱིས་རོགས་སྐྱོབ་སྟོབས་ཤུགས་ཁྱོན་མི་ཐེངས་༤༧༨༡ཉེན་སེལ་རོགས་སྐྱོར་ནང་ཞུགས་པ་དང་། ནའེ་ཅང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་སོགས་སྨན་ཁང་བཞི་རྨས་མ་སྐྱོབ་བཅོས་བྱེད་སའི་ས་ཚིགས་སུ་གཏན་འཁེལ་བྱས་ནས། ས་ཡོམ་ཁྲོད་རྨས་སྐྱོན་ཕོག་པའི་རྨས་མ་ནུས་ཤུགས་ཡོད་རྒུས་སྐྱོབ་ཡོད། མིག་སྔའི་ཆར། སི་ཁྲོན་ཞིང་ཆེན་ཛ་དྲག་སྟབས་བསྟུན་ཐིང་གིས་སྲིང་བལ་ཕོ་ཁེབས་༤༠༠༠གཤམ་གཏོང་བྱས་པ་དང་། ནའེ་ཅང་གྲོང་ཁྱེར་ཛ་དྲག་སྟབས་བསྟུན་ཅུད་ཀྱིས་ཛ་དྲག་ངང་གུར་༢༠༠གྲོང་ཁྱེར་གྱི་ལྟེ་བར་དབོར་འདྲེན་བྱས་པ། ནའེ་ཅང་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་གུར་༢༠ཞལ་འདེབས་སུ་ཕུལ་བ། ཁྱིམ་ཚང་ཐུམ་སྒྲིལ་༢༠༠ཝའེ་ཡོན་རྫོང་དུ་དབོར་ཡོད། གནོད་འཚེ་ཕོག་པའི་མང་ཚོགས་༢༤༡༧གནོད་འཚེ་ཕོག་ཁུལ་ནས་སྤོ་སྒྱུར་བྱས་པ་མ་ཟད་བདེ་འཇགས་བཀོད་སྒྲིག་བྱས་ཡོད།

སི་ཁྲོན་ཞིང་ཆེན་ས་ཡོམ་ཅུད་ཀྱི་རིགས་གཅིག་མཁས་པས་ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས། ད་རེས་སི་ཁྲོན་ཝའེ་ཡོན་རྫོང་དུ་ས་ཡོམ་རིམ་པ་༥.༤རྒྱབ་པ་ནི་གྲུབ་ཚུལ་ས་ཡོམ་ཡིན་པ་དང་། ཉེ་དུས་སུ་ས་ཡོམ་ཁུལ་དུ་ས་ཡོམ་དེ་ལས་ཆེ་བ་ཐོན་བཟོ་མེད་པའི་ངོས་འཛིན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།