ཤང་ཀང་ལས་རིགས་ཁག་གི་མི་སྣས་ཤང་ཀང་སྤྱི་ཚོགས་ནས་ལན་ཆ་ཧུར་ཐག་བྱེད་པ་དང་། གཏུམ་སྤྱོད་བཀག་འགོག་དང་ཟང་ཟིང་ཞོད་འཇགས་སུ་གཏོང་དགོས་པའི་རེ་འབོད་བྱས་པ།
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཤང་ཀང་ལས་རིགས་ཁག་གི་མི་སྣས། ཤང་ཀང་སྤྱི་ཚོགས་ཀྱིས་ལན་ཆ་ཧུར་ཐག་བྱེད་པ་དང་། གཏུམ་སྤྱོད་བཀག་འགོག་དང་ཟང་ཟིང་ཞོད་འཇགས་སུ་གཏོང་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་བས་མང་བ་གཅིག་སྡུད་བྱེད་པ། བློ་སེམས་གཅིག་མཐུན་དང་ཁ་ཕྱོགས་གཅིག་པའི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་ཤང་ཀང་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་རེ་འབོད་བྱས་ཡོད་པ་རེད།

ཤང་ཀང་ཀང་ཏའོ་ལས་རིགས་ཁག་གི་མཉམ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་དཔོན་ཚའེ་ཁྲང་རུང་གིས། མིག་སྔར་ཤང་ཀང་ལ་རྒྱ་ཆེའི་གྲོང་མི་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དར་རྒྱས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཤང་ཀང་སློབ་འབྲིང་རྒྱ་ཡིག་སློབ་གསོ་ཞིབ་འཇུག་ཁང་གི་ཚོགས་གཙོ་ཧོང་ཧྥེང་དབྱི་ཡིས། ངེས་པར་དུ་གཏུམ་སྤྱོད་བཀག་འགོག་དང་ཟང་ཟིང་ཞོད་འཇགས་སུ་བཏང་ཚེ། ང་ཚོས་གཞི་ནས་ང་ཚོའི་དར་རྒྱས་བརྟན་ལྷིང་ལ་སྲུང་སྐྱོབ་ཐུབ་པ་དང་། ཤང་ཀང་གི་འཚོ་བའི་སྤུས་ཚད་འགན་ལེན་བྱེད་ཐུབ། དེ་བས་ཡག་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་ལན་ཆ་བྱེད་དགོས་བསམ་ན། ངེས་པར་དུ་ཚང་མ་བློ་སེམས་གཅིག་མཐུན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་གཅིག་མཇུག་གཉིས་མཐུད་ངང་། མིག་སྔར་ཤང་ཀང་གི་དཔལ་འབྱོར་དམངས་འཚོར་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་པས། ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། བདག་པོའི་སྙིང་སྟོབས་དང་དགེ་མཚན་ལྡན་པའི་རྣམ་འགྱུར་ཐོག་ནས། སྐད་ཆ་ཤོད་རེས་ཀྱི་སྟེགས་བུ་སྔར་བས་མང་བ་སྐྲུན་ཏེ། ཐུན་མོང་ཐོག་བང་རིམ་གཏིང་ཟབ་པའི་འགན་ཟླ་དང་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་ཡིན། ལས་རིགས་ཁག་གིས་བློ་གཅིག་སེམས་གཅིག་བྱས་ཚེ། དུས་རབས་གསར་པའི་གོང་འཕེལ་གྱི་གོ་སྐབས་དམ་འཛིན་བྱེད་ཐུབ་པ་དང་། ཤང་ཀང་ལ་དེ་བས་ཡག་པའི་མ་འོངས་སྐྲུན་ཐུབ་ཅེས་བསྟན་ཡོད་པ་རེད།

ཤང་ཀང་ཕི་ཆའོ་སློབ་འབྲིང་གི་སློབ་སྤྱི་ཝུ་ཧོན་ཅེས། རྒྱལ་ཁབ་ཀྱིས་ཤང་ཀང་ལ་གསར་སྐྲུན་གྱི་ཚན་རྩལ་རྒྱལ་སྤྱིའི་ལྟེ་གནས་ཀྱི་གོ་སྐབས་སྤྲད་ཡོད་པ་དང་། ཤང་ཀང་གི་མཐོ་རིམ་སློབ་གྲྭ་མང་པོ་དེ་དག་དང་། རང་མོས་ངང་ཆ་འཕྲིན་འགྲོ་འོང་བྱེད་ཆོག་པས། ང་རང་གིས་བལྟས་ན་བློ་རྩེ་གཅིག་སྒྲིམ་གྱིས་ཤང་ཀང་གི་བཟང་ཆ་འདོན་སྤེལ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཤང་ཀང་ཀྲུང་ཧྭ་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་ཝུ་ཧུང་པིན་གྱིས། ང་ཚོས་ཇི་ལྟར་བྱས་ཏེ་ལས་རིགས་མི་འདྲ་བའི་ཚོང་ལས་མི་སྣའི་བར་གྲོས་བསྡུར་བྱེད་པ་དང་། གང་འདྲ་བྱས་ཏེ་ཤང་ཀང་འཛུགས་སྐྲུན་ཡག་པོ་བྱེད་དགོས་ལུགས་ཞིབ་བསྡུར་བྱེད་དགོས། ཚང་མ་ཕྱར་བ་གྲུ་འདེགས་བྱས་ཏེ། ཤང་ཀང་གི་སྤྱི་ཡོངས་ཚོང་གཉེར་ཁོར་ཡུག་ཆེད་ནུས་ཤུགས་འདོན་དགོས། ང་རང་ནས་ཤང་ཀང་བའི་བློ་གྲོས་ལ་ཡིད་ཆེས་ཡོད་ལ། ཤང་ཀའི་བའི་འཇོན་ཐང་ལའང་ཡིད་ཆེས་ཡོད། དོན་རྐྱེན་དེ་ལྷིང་འཇགས་སུ་འགྱུར་ཚེ། ང་རང་ལ་ང་ཚོས་ཤང་ཀང་འཛུགས་སྐྲུན་ཡག་པོ་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན་ཡོད་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཤང་ཀང་ཁྲའོ་ཧྲུའུ་ཚོགས་པའི་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ཀྲོའུ་ཧོའུ་ལིས། ང་ཚོས་དཔལ་འབྱོར་དམངས་འཚོའི་ཐད་བློ་རྩེ་གཅིག་ཏུ་སྒྲིལ་དགོས་པ་དང་། རྒྱལ་ཁབ་ཀྱིས་ལག་བསྟར་བྱེད་པའི་ཁུག་པ་ཆེན་མོ་ཁུལ་གྱི་འཆར་འགོད་དེ། ཤང་ཀང་བཟོ་ཚོང་ལས་རིགས་སམ་ཡང་ན་གཞོན་ནུ་ལོ་ཆུང་ངོས་ནས་བཤད་ན། ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཤིག་ཡིན་པས། ང་ཚོ་ཤང་ཀང་གིས་ཐོབ་པར་དཀའ་བའི་གོ་སྐབས་འདི་དམ་འཛིན་ཡག་པོ་བྱས་ཏེ། མེས་རྒྱལ་དང་མཉམ་དུ་དམ་པོར་སྦྲེལ་བ་དང་། མེས་རྒྱལ་ལ་རྒྱབ་བརྟེན་བཅོལ་ནས། དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།