ཤང་ཀང་དང་ཨའོ་མན་བྱ་དོན་གཞུང་ལས་ཁང་གི་གསར་འགྱུར་མགྲིན་ཚབ་པས་ཤང་ཀང་གི་མིག་སྔའི་གནས་བབས་ལ་འཛིན་པའི་གཟིགས་སྟངས་ངོ་སྤྲོད་གནང་བ།
སྤེལ་བའི་དུས་ཚོད། : 2019-09-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མན་བྱ་དོན་གཞུང་ལས་ཁང་གི་གསར་འགྱུར་མགྲིན་ཚབ་པས་ཉེ་ཆར་ཤང་ཀང་གི་མིག་སྔའི་གནས་བབས་ལ་འཛིན་པའི་གཟིགས་སྟངས་ངོ་སྤྲོད་གནང་བ་མ་ཟད་བསམ་འཆར་ཁག་གསུམ་བཏོན་ཡོད་པས། ཤང་ཀང་གི་མི་སྣས་གྲོས་བསྡུར་ཚ་ཚ་འུར་འུར་བྱས་ཡོད་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཤང་ཀང་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་ཚའེ་ཀོན་ཧྲེན་གྱིས། ཤང་ཀང་དར་རྒྱས་ཀྱི་རྩ་བ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡིན། མིག་སྔའི་ཁ་ཚ་དགོས་གཏུག་གི་ལས་འགན་ནི་གཏུམ་སྤྱོད་ཟིང་ཆ་བཀག་འགོག་བྱས་ནས། ཤང་ཀང་གི་རྒྱལ་སྤྱིའི་གཟུགས་བརྙན་སླར་གསོ་བྱ་རྒྱུ་དེ་ཡིན་ཞེས་བསྟན་ཡོད་པ་དང་། ཚའོ་ཀོན་ཧྲེན་གྱིས་སྤྱི་ཚོགས་ལས་རིགས་ཁག་ནས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་ཉེན་རྟོག་རུ་ཁག་ལ་རྒྱབ་སྐྱོར་བྱས་ནས། ཤང་ཀང་གི་ཁྲིམས་སྐྱོང་ལ་སྲུང་སྐྱོབ་བྱ་རྒྱུའི་རེ་འབོད་གནང་ཡོད་པ་རེད།

ཚའེ་ཀོན་ཧྲེན་གྱིས། ང་ཚོའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་ང་ཚོའི་ཉེན་རྟོག་རུ་ཁག་ལ་སེམས་ཤུགས་ཡོད་དགོས་པ་དང་། དེ་གཉིས་ལ་ཁྲིམས་འཛིན་གྱི་ནུས་པ་རྦད་དེ་ལྡན་ཡོད། ང་ཚོའི་ཁྲིམས་ཁང་གིས་ཀྱང་གནད་དོན་དེ་དག་ལ་གཞུང་དྲང་གི་ལྟ་སྟངས་འཛིན་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་དང་། གལ་སྲིད་ཁྲིམས་འགལ་གྱི་བྱ་བ་ཡོད་ཚེ། མིག་སུ་ཞིག་ཡིན་རུང་ཚང་མ་ཁྲིམས་ལ་སྦྱར་དགོས། ང་རང་གིས་བལྟས་ན་གཏུམ་སྤྱོད་ཟིང་ཆ་འགོག་པར་རྣམ་འགྱུར་ནན་ཙམ་བསྟན་ནས་ཤང་ཀང་གི་ཁྲིམས་སྐྱོང་ལ་སྲུང་སྐྱོབ་བྱེད་དགོས། དེ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།