པེ་ཅིན་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཉམ་འབྲེལ་ནང་སྦྱོང་ཐོག་པ་དེ་བྱས་པ།
སྤེལ་བའི་དུས་ཚོད། : 2019-09-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། སྤྱི་ཚེས་7ཉིན་གྱི་དགོང་མོའི་ཆུ་ཚོད་11ནས་སྤྱི་ཚེས་8ཉིན་གྱི་ཐོ་རེངས་བར། པེ་ཅིན་གནམ་བདེ་སྒོ་མོ་ཐང་ཆེན་དུ་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཉམ་འབྲེལ་ནང་སྦྱོང་ཐོག་མ་དེ་བྱས་པ་དང་། མི་ཁྲི་དགུ་ཙམ་ནང་སྦྱོང་དང་ས་ཡུལ་དངོས་ཀྱི་འགན་སྲུང་ལས་དོན་ནང་ཞུགས་ཡོད་པ་རེད།

མཉམ་འབྲེལ་ནང་སྦྱོང་ཐོག་མ་དེའི་ནང་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་མཛད་སྒོ་དང་དམག་གཟིགས། མང་ཚོགས་ཀྱི་ཁྲོམ་སྐོར། མཉམ་སྤྲོའི་བྱེད་སྒོ ཚོགས་ར་བསྒྱུར་བ། འཕྲལ་བསྟུན་ཐག་གཅོད་སོགས་ནང་དོན་ཁག་དྲུག་ཚུད་ཡོད་ཅིང་། གཙོ་གནད་ཐོག རྟེན་འབྲེལ་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོ་དང་ལྟེ་བའི་རྒྱུ་རྐྱེན་བཅས་ཀྱི་ནང་ཁུལ་སྦྲེལ་མཐུད་ཡག་པོ་བྱུང་བ་དང་། ཕྱོགས་ཁག་གི་རྩ་འཛུགས་འགན་སྲུང་དང་བཀོད་འདོམས་ཀྱི་བཀོལ་སྤྱོད་ལས་དོན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ། ནང་སྦྱོང་གནད་ལ་འཁེལ་བ་དང་། སྒྲིག་འཛུགས་བྱ་རྒྱུ་གོ་རིམ་ལྡན་པ་བྱུང་སྟེ། སྔོན་དཔག་གི་དམིགས་འབེན་ལ་སླེབས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།