ང་དང་ངའི་མེས་རྒྱལ་ཅེས་པའི་མང་ཚོགས་སྒྲོག་སྦྱང་བྱེད་སྒོའི་རྒྱལ་ཡོངས་སྒྲོག་སྦྱང་སྙན་ཞུའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། དགུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་ང་དང་ངའི་མེས་རྒྱལ་ཅེས་པའི་མང་ཚོགས་སྒྲོག་སྦྱང་བྱེད་སྒོའི་རྒྱལ་ཡོངས་སྒྲོག་སྦྱང་སྙན་ཞུའི་ཚོགས་འདུ་སྤྱི་ཚེས་5ཉིན་པེ་ཅིང་དུ་ཚོགས་ཡོད། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཧན་ལི་ཕིང་དང་། རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་དཔེ་དམག་ཝང་ཁེ་རོང་། ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་པའི་མཉམ་སྡེབ་ཀྱི་འཐུས་མི་ཧུའུ་ཞན་ལུ་སོགས་སྔོན་ཐོན་དཔེ་བཟང་8ཀྱིས་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་ཁོང་ཚོས་རང་འཁྲིའི་ལས་གནས་ཐོག་ཕུགས་བསམ་སྒྲུབ་པ་དང་འབད་འཐབ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་མཇལ་བའི་མང་ཚོགས་ཀྱི་གཏམ་རྒྱུད་བརྗོད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།