ཀྲེ་ཅང་ཧུའུ་ཀྲོའུ་གྲོང་ཁྱེར་གྱི་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པའི་བློ་སྟོབས།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨན་ཅི་རྫོང་ནི་ཧུའུ་ཀྲོའུ་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་གི་རྫོང་ཆེན་པོ་ཞིག་ཡིན་པ་དང་། ཨན་ཅི་ཝན་པའོ་ཁྱིམ་ཆས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཞུའི་ཏུང་གི་ཀུང་སིས་རོལ་རྩེད་བརྩེ་བའི་རྐུབ་སྟེགས་ཐོན་རྫས་ཕྱིར་འཚོང་བྱ་རྒྱུ་གཙོ་བོར་བྱེད་ཀྱི་ཡོད་ཅིང་། ད་ལོ་ནས་བཟུང་། ཨ་རིའི་ཁྲོམ་རའི་ནང་བཟུང་ཚད་བརྒྱ་ཆ་50ནས་བརྒྱ་ཆ་30བར་ཆག་ཡོད། ཞུའི་ཏུང་གིས། ཨ་རིའི་ཁྲོམ་རར་ག་ཚོད་འདོན་ཐུབ་ན་དེ་རྩིས་གཏོང་གི་ཡིན། ང་ཚོའི་གཙོ་གནད་དེ་ཡོ་རོབ་གཙོ་གནད་ལ་བཟུང་རྒྱུའི་ཐོག་བསྒྱུར་རྒྱུ་དང་། ད་དུང་ལྷོ་ཁོ་རེ་ཡ་ཡང་ཚུད་ཡོད་ཅེས་བསྟན་ཡོད་པ་རེད།

གྲངས་གཞི་ལས་མངོན་པར། ཨ་རིའི་ཁྲོམ་རས་ཧུའུ་ཀྲོའུ་གྲོང་ཁྱེར་ཡོངས་ཀྱི་ཕྱིར་གཏོང་གྲངས་ཚད་ཀྱི་བརྒྱ་ཆ་28དང་གྲངས་ཆུང་4བཟུང་བ་དང་། མངའ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་རྒྱ་སྐྱེད་གཏོང་བ། རྒྱལ་ནང་དུ་འཚོང་བའི་ཁྲོམ་ར་གཏོད་པ། ཚོང་རྟགས་རྒྱ་མཚོ་གྲོལ་བའི་འཆར་འགོད་བཟོ་བ་སོགས་བྱ་ཐབས་བརྒྱུད། ཧུའུ་ཀྲོའུ་ཡི་ཁེ་ལས་མང་པོ་དེ་སྔའི་ཨ་རིའི་ཁྲོམ་ར་ཁོ་ནར་བརྟེན་པ་ནས་འཛམ་གླིང་ཁྲོམ་རའི་བཀོད་སྒྲིག་ཐད་བརྗེ་འགྱུར་བྱས་ཡོད། ཉེ་བའི་ལོ་གསུམ་རིང་། ཧུའུ་ཀྲོའུ་ཡི་ཕྱིར་གཏོང་བྱེད་ཚད་དེ་རྒྱུད་གཅིག་ལམ་གཅིག་གི་འགྲམ་རྒྱུད་རྒྱལ་ཁབ་དང་ཡོ་རོབ་སོགས་གསར་དར་ཁྲོམ་རའི་ཐོག་ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆ་10ཡན་ཟིན་གྱི་ཡོད། ཧུའུ་ཀྲོའུ་གྲོང་ཁྱེར་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གོང་འཕེལ་འཆར་འགོད་ཞིབ་འཇུག་ཁང་གི་ཡོན་ཀྲང་ཁྲེན་ཞའོ་ཡིས། རང་འགུལ་ཐོག་འགྲན་རྩོད་ཀྱི་མདུན་བསུ་བ་དང་འགྲན་རྩོད་ནང་ཞུགས་པ། མཉམ་ལས་ནང་ཞུགས་པའི་སེམས་ཁམས་དེ་རིགས་ལ་བརྟེན་ནས་གོང་འཕེལ་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས། དེ་ལྟར་བྱུང་ཚེ་གཞི་ནས་རང་ཉིད་ཀྱི་གནས་ས་བཟུང་ཐུབ་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།