རྒྱལ་སྤྱིའི་དཔྱད་གླེང་སྟངས་འཛིན་ཐོག་ནས་གྲོས་མོལ་བྱས་ཚེ་གཞི་ནས་འགན་འཁུར་བའི་རྣམ་པའི་ཐོག་ནས་གནད་དོན་ཐག་གཅོད་བྱེད་ཐུབ་ཅེས་པ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དཔྱད་གླེང་ནང་། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་སྤྱི་ཟླ་༡༠པའི་ཟླ་སྟོད་དུ་ཝ་ཧྲེང་ཏུན་དུ་རེས་སྐོར་༡༣པའི་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་བྱ་རྒྱུའི་མོས་མཐུན་བྱས་ཡོད། དེ་ནི་རྒྱལ་ཁབ་གཉིས་པོའི་དམངས་འདོད་དང་འཚམ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་ཡང་མཐུན་ཡོད། ཉོ་ཚོང་དམག་འཐབ་ལ་རྒྱལ་ཁ་ཐོབ་མཁན་གྱི་ཕྱོགས་མེད། ཀྲུང་གོ་དང་ཨ་རིས་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ནང་གི་ཕྱོགས་འགལ་དང་འགལ་ཟླ་མཐར་སྐད་ཆ་ཤོད་རེས་དང་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཞེས་བསྟན་ཡོད་པ་དང་།

དཔྱད་གླེང་ནང་། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་སྔ་བར་ཕྱི་གསུམ་དུ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཨ་ཀན་ཐིང་གི་མཇལ་འཛོམས་ཀྱི་ཐུན་མོང་ངོས་འཛིན་དང་ཏ་པན་གྱི་མཇལ་འཛོམས་ཀྱི་ཐུན་མོང་ངོས་འཛིན་གྱིས་མཛུབ་ཁྲིད་བྱས་ཏེ། ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་སོར་བཞག་བྱེད་པ། ཁ་ཕྱོགས་གཅིག་པའི་ཕྱོགས་སུ་བསྐྱོད་པ། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་སྔར་རྒྱུན་བཞིན་འབད་བརྩོན་ཆེ་ཤོས་དང་ལྷག་བསམ་ཆེན་པོ་བཅངས་ཏེ་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་དང་ཆབས་ཅིག་རང་ཉིད་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་པ་དང་། ང་ཚོས་ཐོན་བཟོ་ཡོད་པའི་གནད་དོན་མཐའ་དག་ལ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།