རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་སྐུལ་སློང་བྱ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་འགྲེམ་སྤེལ་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉིན་ཤས་གོང་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་སྐུལ་སློང་བྱ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་འགྲེམ་སྤེལ་བྱས་ཡོད་པ་རེད། བསམ་འཆར་ནང་། རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྐུལ་སློང་བྱ་རྒྱུའི་སྲིད་ཇུས་བྱེད་ཐབས་དགུ་བཏོན་ཡོད་པ་རེད། དེ་ཡང་གཅིག་ནི་འཛད་སྤྱོད་ཀྱིས་དམངས་ལ་ཕན་པ་བསྐྲུན་པའི་བྱེད་ཐབས་འདོན་རྒྱུ་དང་། གཉིས་ནི་འཛད་སྤྱོད་སྟབས་བདེ་བའི་ཚད་གཞི་མཐོ་རུ་གཏོང་རྒྱུ། གསུམ་ནི་རྒྱལ་ཁོངས་ནང་འཛུལ་བའི་ཡུལ་སྐོར་ཁོར་ཡུག་ལེགས་སུ་གཏོང་རྒྱུ། བཞི་ནི་འཛད་སྤྱོད་ཚོད་ལྟའི་དཔེ་སྟོན་ལ་སྐུལ་འདེད་གཏོང་རྒྱུ། ལྔ་ནི་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་རྒྱུ། དྲུག་ནི་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོར་གཏོང་དང་གཤོངས་ཚད་ཆེ་རུ་གཏོང་རྒྱུ། བདུན་ནི་གུང་གསེང་དང་མཚན་མོའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། བརྒྱད་ནི་ཐོན་ལས་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། དགུ་ནི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན་པ་རེད། བསམ་འཆར་ནང་ད་དུང་སྲིད་ཇུས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐད་འགན་སྲུང་བྱེད་ཐབས་འགའ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།