མཚོ་སྔོན་གྱི་འགོ་ཁྲིད་ཅིག་ལ་ཞིབ་བཤེར་བྱེད་བཞིན་འདུག
སྤེལ་བའི་དུས་ཚོད། : 2019-08-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟི་ལིང་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་ཏང་ཨུའི་ཨུ་ཡོན་དང་གླིང་གཙོ་ཁྲའེ་ཏའོ(柴多ཁྲུའུ་རིམ་པ་རྒན་པ)ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས་མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།


ཁྲའེ་ཏའོ་ཡི་ལོ་རྒྱུས་མདོར་བསྡུས།

ཁྲའེ་ཏའོ་ནི་ཕོ་དང་། སོག་རིགས་ཡིན་ཞིང་། 1963ལོའི་ཟླ3པར་སྐྱེས་ལ་མཚོ་སྔོན་ཟི་ལིང་ནས་ཡིན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན།1985ལོའི་ཟླ9པར་ལས་ཀར་ཞུགས།1995ལོའི་ཟླ8པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

1985ལོ་ནས2001ལོའི་བར། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་སྨན་པ་དཀའ་བཅུ་པ་དང་། གཙོ་སྐྱོང་སྨན་པ་དཀའ་བཅུ་པ། ཀྲུའུ་རེན་གཞོན་པ། ལས་བྱེད་ཁོའོ་གཉིས་པའི་ཀྲུའུ་རེན་བཅས་གནང་།

2001ལོའི་ཟླ1ནས2009ལོའི་ཟླ10བའི་བར། ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གླིང་གཙོའི་འགན་ཁུར།

2009ལོའི་ཟླ10ནས2011ལོའི་ཟླ8པར། ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་ཁུར།

2011ལོའི་ཟླ8ནས2013ལོའི་ཟླ4བར། ཟི་ལིང་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། ལས་འཛིན་གྱི་འགན་ཁུར།

2013ལོའི་ཟླ4ནས2016ལོའི་ཟླ9བར། ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གླིང་གཙོའི་འགན་ཁུར།

2016ལོའི་ཟླ9ནས2017ལོའི་ཟླ11པར། ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་ཏང་ཨུའི་ཧྲུའུ་ཅི་དང་གླིང་གཙོའི་འགན་ཁུར།

2017ལོའི་ཟླ11ནས་ད་བར། ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་ཏང་ཨུའི་ཨུ་ཡོན་དང་གླིང་གཙོའི་འགན་ཁུར།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝང་ཧྥེ།

སྒྲིག་སྒྱུར། བསོད་ནམས་འཚོ།