ཤིན་ཧྭ་གསར་འགྱུར་ཁང་གིས་དཔྱད་གཏམ་ཤང་ཀང་མུ་མཐུད་ཟིང་ནང་སྡོད་དུ་འཇུག་མི་རུང་ཞེས་པ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-08-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་གིས་སྤྱི་ཚེས21ཉིན་དཔྱད་གཏམ་པའི་རྩོམ་ཡིག་འགོ་བརྗོད་དུ་ཤང་ཀང་མུ་མཐུད་ཟང་ཟིང་ནང་སྡོད་དུ་འཇུག་མི་རུང་ཞེས་འཁོད་པ་ཞིག་སྤེལ་ཡོད་པ་རེད།

རྩོམ་ཡིག་དེའི་ནང་། ཟིང་འཁྲུལ་བཀག་འགོག་དང་མཚམས་འཇོག་བྱེད་པ་དང་། སྒྲིག་ལམ་སླར་གསོ་བྱ་རྒྱུ་ནི་ཤང་ཀང་གི་མདུན་ལམ་ལས་དབང་དང་འབྲེལ་བའི་འཆི་གསོན་དམག་འཐབ་དང་སྲུང་སྐྱོབ་དམག་འཐབ་ཅིག་ཡིན་པས། ཕྱིར་བཤོལ་བྱེད་ཐབས་མེད་ལ། བཟོད་བསྲན་ཡང་བྱེད་ཐབས་མེད། ཐུན་མོང་ཐོག་ཤང་ཀང་གི་ཁྲིམས་སྐྱོང་ལ་སྲུང་སྐྱོབ་དང་། གཏུམ་སྤྱོད་བཀག་འགོག་བྱ་དགོས། ཤར་ཕྱོགས་ཀྱི་འོད་འཚེར་མུ་ཏིག་ཀྱིས་མུན་ནག་མཐར་སྐྲོད་གཏོང་ཐུབ་ངེས་ཡིན་ལ། དེ་བས་ཀྱང་འོད་སྣང་ལྡན་པའི་མ་འོངས་པ་བསུ་ཐུབ་ངེས་རེད་ཅེས་འཁོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།