ཤང་ཀང་བཟོ་ཚོང་ལས་རིགས་ཀྱི་མི་སྣས་ཤང་ཀང་གི་གྲོང་མིས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། གཏུམ་སྤྱོད་ཀྱི་ཟིང་ཆ་བཀག་འགོག་བྱེད་དགོས་པའི་རེ་འབོད་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར། ཤང་ཀང་བཟོ་ཚོང་ལས་རིགས་ཀྱི་མི་སྣས་ཤང་ཀང་གི་གྲོང་མི་ཚོས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། གང་མགྱོགས་གཏུམ་སྤྱོད་ཀྱི་ཟིང་ཆ་བཀག་འགོག་བྱེད་དགོས་པའི་རེ་འབོད་བྱས་ཡོད་པ་རེད།

ཤང་ཀང་བཟོ་ཚོང་ལས་རིགས་ཀྱི་མི་སྣས་གཅིག་མཇུག་གཉིས་མཐུད་ངང་། ཉེ་དུས་ཐོན་པའི་གཏུམ་སྤྱོད་དོན་རྐྱེན་གྱི་ངོ་བོ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་འགྲན་རྩོད་བྱས་པ་ཞིག་དང་། ཤང་ཀང་གི་ཁྲིམས་སྐྱོང་ལ་གཏོར་བཤིག་ཚབས་ཆེན་བཏང་བ། ཤང་ཀང་གི་དཔལ་འབྱོར་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད་ཅེས་བསྟན་ཡོད། སྤྱི་ཚེས་7ཉིན་འཚོགས་པའི་ཤང་ཀང་དུས་བབ་ཀྱི་ཞུགས་མོལ་ཚོགས་འདུའི་ཐོག ཤང་ཀང་གི་གཏུམ་སྤྱོད་ཀྱི་ཟིང་ཆ་བཀག་འགོག་དང་སྒྲིག་ལམ་སླར་གསོ་བྱ་ཆེད། ཁ་ཕྱོགས་གསལ་སྟོན་དང་སེམས་ཤུགས་སྣོན་ཡོད་པ་རེད།

ཤང་ཀང་གི་ཆེད་ལས་ས་ཁང་བདག་དབང་བློ་འདྲི་ཚོང་ཚོགས་ཀྱི་ཚོགས་གཙོ་ཚའེ་ཀྲི་ཀྲུང་གིས། ཀྲུང་དབྱང་ནས་ང་ཚོར་ཆ་འཕྲིན་ཁ་གསལ་ཞིག་བསྟན་པ་ནི། ང་ཚོ་གཡོ་འགུལ་ཐེབས་རྒྱུ་མེད་པ་དང་། ངེས་པར་དུ་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྲིད་འཛིན་དཔོན་པོ་ལིན་ཀྲེན་ཡུའེ་ཨེ་ནས་སྲིད་འཛིན་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ངེས་པར་དུ་ནུས་ཤུགས་ཡོད་རྒུ་དང་བྱ་སྤྱོད་ངོ་མའི་ཐོག་ནས་ཉེན་རྟོག་པས་ཁྲིམས་འཛིན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། གཟབ་ནན་གྱི་རྣམ་འགྱུར་ཐོག་ནས་མི་ངན་དེ་དག་འཛིན་བཟུང་བྱས་ཏེ། ཁྲིམས་ལ་སྦྱར་དགོས་ཞེས་བསྟན་ཡོད་པ་རེད།

ཤང་ཀང་བཟོ་ཚོང་ལས་རིགས་ཀྱི་མི་སྣ་ཝུའུ་ཧོན་ཡན་གྱིས། ང་ཚོས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱེད་པར་བསམ་ཤེས་དང་། ཀྲུང་དབྱང་གི་དགོངས་དོན་གཞིར་བཟུང་ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཏེ་ཆིན་ཤང་ཀང་གི་མཐོ་རིམ་བློ་འདྲི་ཡུལ་ཁྲེན་ཆིང་ཞ་ཡིས། ཤང་ཀང་གི་རྒྱ་ཆེའི་གྲོང་མི་དང་ལྷག་པ་དུ་རྒྱལ་གཅེས་ཀང་གཅེས་ཀྱི་སྟོབས་ཤུགས་ཀྱིས་ངེས་པར་དུ་དཀར་ནག་ཤན་འབྱེད་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། སྐད་ཆ་བཤད་ཕོད་པ། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུ་དང་ཉེན་རྟོག་རུ་ཁག་གིས་བློ་ཐག་ཆོད་པོ་དང་ཁྲིམས་འཛིན་ནན་པོ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། དེ་བས་ཕན་འབྲས་ཆེ་བ་དང་ནུས་ལྡན་གྱི་བྱ་ཐབས་བཟུང་སྟེ་གཏུམ་སྤྱོད་ཀྱི་ཟིང་ཆ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། རྒྱུན་གཏན་གྱི་སྒྲིལ་ལམ་གང་མགྱོགས་སླར་གསོ་ཡོང་བ་བྱ་དགོས་ཞེས་བསྟན་ཡོད་པ་རེད།

ཤང་ཀང་ཝན་ཙའེ་དབུས་ནུབ་ཁུལ་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་གཞོན་པ་ཅན་ཧའོ་ཞན་གྱིས། འགག་རྩའི་དུས་སྐབས་འདིར་ངེས་པར་དུ་ཤང་ཀང་ལ་རྒྱབ་སྐྱོར་དང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཤང་ཀང་དཔལ་འབྱོར་ཉོ་ཚོང་ཚོང་ཚོགས་ཀྱི་ཚོགས་གཙོ་ལི་ཞིའུ་ཧེང་གིས། གཏུམ་སྤྱོད་ཟང་ཟིང་ནི་སུ་ཞིག་ལའང་ཕན་ཐོགས་མེད་པས། གཏུམ་སྤྱོད་ཀྱི་ཟིང་ཆ་བཀག་འགོག་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་དང་ཁ་ཚ་དགོས་གཏུག་ཤིག་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།