སྤྱི་བདེ་པུའི་གཅིག་གྱུར་སྒྲིག་འཛུགས་འོག རྒྱལ་ཡོངས་ཀྱིས་གཅིག་སྡུད་ཐོག་ཁྲིམས་འགལ་མེ་མདའ་དང་འབར་རྫས་དངོས་པོ་མེད་པ་བཟོས་པ།
སྤེལ་བའི་དུས་ཚོད། : 2019-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་བདེ་པུས་སྤྱི་ཚེས་༡༢ཉིན་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་སྒྲིག་འཛུགས་བྱས་ནས། གྲོང་ཁྱེར་༡༥༤ ཁྲིམས་འགལ་མེ་མདའ་དང་འབར་རྫས་དངོས་པོ་མེད་པ་བཟོས་ཏེ། སྤྱི་ཚོགས་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་སེལ་ཡོད། སྤྱི་ཟླ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་སུ་མེ་མདའ་དང་འབར་གས་ཀྱིས་བཟོས་པའི་དོན་རྐྱེན་ཐོན་ཚད་དུས་མཚུངས་ལས་བརྒྱ་ཆ་༢༠ཉུང་དུ་ཕྱིན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།