རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ལྗོངས་དང་གྲོང་ཁྱེར་ཁག་གི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་༡༢ཉིན་ཞིང་ལྗོངས་དང་གྲོང་ཁྱེར་ཁག་གི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ་དང་དུས་རབས་གསར་པའི་སྤུས་ལེགས་མཆོངས་བརྒལ་རྣམ་པའི་གོང་འཕེལ་འགྲོ་བའི་ཡུན་ནན་ལ་དོ་ཁུར་བྱས་ཡོད་པ་རེད།

ཡུན་ནན་ནི་རང་རྒྱལ་ལྷོ་ནུབ་མཐའ་མཚམས་ཀྱི་མུ་ཏིག་ལྟ་བུ་ཡིན་པས་མཛེས་སྡུག་རྣམ་པར་བཀྲ་བའི་རང་བྱུང་ཡུལ་ལྗོངས་ཡོད་པ་མ་ཟད་ད་ཆ་མི་མངོན་པའི་སྟོབས་ཤུགས་སྔར་བས་ཧ་ཅང་ཆེན་པོ་ལྡན་ཡོད། ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི། ཡུན་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲེན་ཧའོ་ཡིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་སྐོང་འཚོགས་བྱས་ཚུན་དུ། ཡུན་ནན་གྱི་དཔལ་འབྱོར་སྤྱི་འབོར་རྒྱལ་ཡོངས་ཀྱི་ཨང་༢༤པ་ནས་སྤྱི་ལོ་༢༠༡༨ལོར་རྒྱལ་ཡོངས་ཀྱི་ཨང་༢༠པར་འཕར་ཡོད། སྤྱི་ལོ་༢༠༡༣ལོ་ནས་སྤྱི་ལོ་༢༠༡༨ལོའི་བར་ཞིང་ཆེན་དེ་ཡོངས་སུ་དབུལ་ཕོངས་མི་འབོར་ས་ཡ་༧དང་༧ཁྲི་དབུལ་འགྲོལ་ཐུབ་ཡོད། ཡུན་ནན་གྱིས་རང་སྒུལ་སྒོ་ནས་རྒྱལ་ཁབ་གོང་འཕེལ་ཐབས་ཇུས་ལ་ཞབས་ཞུ་དང་དེའི་ནང་ཞུགས་ནས་མཆོངས་བརྒལ་རྣམ་པའི་གོང་འཕེལ་ལམ་བུའི་ཐོག་སྐྱོད་ཡོད་ཅེས་གསུངས་འདུག

ཁྲེན་ཧའོ་ཡིས། ཡུན་ནན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་བ་དང་མི་རིགས་ས་ཁུལ་གྱི་གོང་འཕེལ་སྟོན་གྲངས་གཙོ་བོའི་ལོ་རེའི་ཆ་སྙོམས་འཕར་ཚད་ལོ་མང་རིང་ཞིང་ཆེན་དེ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། གྲངས་ཉུང་མི་རིགས་ཁག་ཅིག་ཐད་ཀར་གདོད་མའི་ཐོན་སྐྱེད་འཚོ་བ་སྐྱེལ་སྟངས་ནས་སྤྱི་ཚོགས་རིང་ལུགས་ལ་མཆོངས་བརྒལ་བྱུང་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད་ཅེས་དང་ཁྲེན་ཧའོ་ཡིས། མི་རིགས་ས་ཁུལ་གྱི་དབུལ་ཕོངས་མི་འབོར་སྤྱི་ལོ་༢༠༡༢ལོར་མི་གྲངས་ས་ཡ་༤དང་༢འབུམ་༦ཁྲི་ཡོད་པ་ནས་སྤྱི་ལོ་༢༠༡༨ལོར་༨འབུམ་༦ཁྲི་༥སྟོང་བར་ཉུང་དུ་སོང་ཡོད། དུ་ལུང་རིགས་དང་ཅི་ནོ་རིགས། ཏེ་ཨང་རིགས་བཅས་དང་ཐོག་མི་རིགས་ཧྲིལ་པོ་དབུལ་འགྲོལ་ཐུབ་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།