ཤིན་ཅང་དང་ཉིང་ཞ་མཚོ་སྔོན་སོགས་ཀྱི་གྲངས་ཉུང་མི་རིགས་ནས་སྲོལ་རྒྱུན་གྱི་དུས་ཆེན་ཁུར་པན་དུས་ཆེན་ལ་རོལ་བ།
སྤེལ་བའི་དུས་ཚོད། : 2019-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༡ཉིན། ཤིན་ཅང་དང་ཉིང་ཞ་མཚོ་སྔོན་སོགས་ཀྱི་ཡུ་གུར་རིགས་དང་། ཧུད་རིགས། ས་ལར་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ནས་སྲོལ་རྒྱུན་གྱི་དུས་ཆེན་ཁུར་པན་དུས་ཆེན་ལ་རོལ་ཡོད།

ཤིན་ཅང་ཁ་ཧྲེའི་གནའ་གྲོང་མཛེས་ལྗོངས་ཁུལ་དུ། ས་གནས་དེ་གའི་གྲོང་མི་དང་ཡུལ་སྐོར་བས་དུས་ཆེན་མཉམ་དུ་དགའ་གཏོང་བྱས་པ་དང་། འཁྲུག་ཆ་དོད་པོ་ཡོད་པ་རེད།

གནའ་གྲོང་གི་གྲོང་མི་ཁཱ་རེ་ཡིས་ལུས་ལ་སྨད་གཡོགས་ཨའེ་དེ་ལའེ་སེ་དང་མགོ་ལ་ཞྭ་མོ་ཚོན་ཅན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་ཡོད། ལོ་གཉིས་གོང་དུ། ཁཱ་རེས་ཁྱིམ་ཚང་འཚམས་འདྲིའི་ཡུལ་སྐོར་སྣེ་ལེན་གྱི་ལས་ཀ་བྱ་འགོ་བརྩམས་ཤིང་། མཚོ་སྔོན་ནས་ཕེབས་པའི་ཡུལ་སྐོར་བ་ཁྲེན་ཆོན་ཀུའེ་དང་ཁོང་གི་བཟའ་ཟླས་ཁཱ་རེ་དང་ལྷན་དུ་ཞབས་བྲོར་དབྱིངས་ཞུགས་བཞིན་འདུག

ཁྲེན་ཆོན་ཀུའེ་ཡིས། ང་ཚོ་ཏག་ཏག་ཁུར་པན་དུས་ཆེན་དང་འཁེལ་བས། བལྟ་འདོད་ཆེན་པོ་བྱུང་། མི་ཡག་པོ་འདུག་ལ་སེམས་རྩ་འཁོལ་པོ་འདུག ད་དུང་ཟ་མ་ཡང་ཞིམ་པོ་འདུག ད་ལྟ་རྒྱལ་ཁབ་ནས་ཁ་ཧྲེ་ས་ཁུལ་གྱི་གྲོང་ཁྱེར་རྙིང་པའི་འཛུགས་སྐྲུན་ཧ་ཅང་ཡག་པོ་བྱས་འདུག ས་ཆ་འདིའི་མི་རྣམས་སེམས་རྩ་འཁོལ་པོ་འདུག་ཅེས་གསུངས་ཡོད།
ཉེ་བའི་ལོ་ཤས་ནང་། ཤིན་ཅང་གི་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། ད་ལོའི་ལོ་སྟོད་དུ། ལྗོངས་དེ་ཡོངས་ཀྱི་ཡུལ་སྐོར་སྣེ་ལེན་མི་གྲངས་མི་ཐེངས་བྱེ་བ་བདུན་དང་ས་ཡ་ལྔ་ལས་བརྒལ་ནས། དུས་མཚུངས་ལས་༤༦%འཕར་ཡོད།

སྔ་ཞོགས་ནས། ཉིང་ཞ་ཡི་ཧུད་རིགས་མང་ཚོགས་ཁག་ཅིག་ལུས་ལ་དུས་སྟོན་གྱི་གཟབ་མཆོར་ལེགས་པར་བརྒྱན་པ་དང་ཟ་མ་སྣ་ཚོགས་བཟོ་བཞིན་ཡོད། གྲ་སྒྲིག་ཨང་གསར་བྱས་པའི་ཟ་མ་ཅོག་རྩེའི་སྟེང་དུ་སྒྲིག་ནས་དུས་ཆེན་བསུ་བཞིན་ཡོད། ཝུའུ་ཀྲུང་གྲོང་ཁྱེར་གྱི་ཧུད་རིགས་མང་ཚོགས་མཁྱེན་ལྡན་མ་ཡང་ལགས་ཀྱིས།

ངའི་རྨོ་བོ་ལགས་དང་། ཨ་མ་ལགས། སྲུང་མོ་ལགས་ཁོང་ཚོས་ཐབ་ཚང་ནང་ཟ་མ་གཡོས་སྦྱོར་གནང་བཞིན་ཡོད། ཚང་མའི་འཚོ་བའི་སྤུས་ཚད་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད་ལ། ཅོག་རྩེའི་སྟེང་གི་ཟ་མ་ཡང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པས། དུས་སྟོན་གྱི་རྣམ་པ་སྔར་བས་ཕྱུག་པར་གྱུར་འདུག་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།